དུས་ཡུན་ཉིན་གཉིས་རིང་གི་འགྲན་སྡུར་ལས་རིམ་བརྒྱུད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་ཏུ་བསྒྲུབས་པའི་མཚོ་སྔོན་པོ༼ སྨོན་ལམ་མཐོན་པོ་རྟགས་མ ༽ ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་ཆབ་ཆ་གྲོང་རྡལ་ནས་བདེ་བླག་ངང་མཇུག་བསྒྲིལ་བ་དང་། དཔྱད་འདེམ་དགེ་རྒན་རྣམས་ཀྱིས་ཡུལ་དངོས་ནས་འགྲན་ཞུགས་གླུ་བ་གླུ་མའི་མཇུག་མཐའི་ཐོབ་སྐར་ཁྱབ་སྒྲོག་བྱས་ཏེ། བསྡོམས་པས་གཟེངས་ཐོན་གླུ་བ་གླུ་མ་བཅུ་མཚོ་སྔོན་པོ༼ སྨོན་ལམ་མཐོན་པོ་རྟགས་མ ༽ ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་ཁྲོད་བདམས་ཐོན་བྱུང་བ་རེད།
མཚོ་སྔོན་པོ༼ སྨོན་ལམ་མཐོན་པོ་རྟགས་མ ༽ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མཚོ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམ་པའི་སྡེ།
རྒྱལ་ཁབ་རིམ་པའི་ལ་གཞས་རྒྱུན་འཛིན་པ། ཚེ་དཔལ་སྐྱབས།
རྒྱལ་ཁབ་རིམ་པ་གཉིས་པའི་འཁྲབ་སྟོན་པ། མཁར་བྱམས་རྒྱལ།
ཞིང་ཆེན་རིམ་པའི་ལ་གཞས་རྒྱུན་འཛིན་པ། ལྕགས་མོ་རྒྱལ།
ཞིང་ཆེན་རིམ་པའི་དམངས་གླུའི་རྒྱུན་འཛིན་པ། བཀྲ་ཤིས་ཚེ་རིང་།
གླུ་བ་གྲགས་ཅན་སྒྲོལ་མ་ཚེ་རིང་།
མཚོ་སྔོན་པོ༼ སྨོན་ལམ་མཐོན་པོ་རྟགས་མ ༽ ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མཚོ་ལྷོ་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་མ།
རོགས་འགྲོ་ཁ་བདེ་མོ་འཇོག་དུས། །
ངའི་ཡ་ཆུང་གངས་དཀར་སེམས་ལ། །
མདངས་མི་འགྱུར་ཚིག་གསུམ་བཤད་ཡོད། །
ཕྱི་སྡེ་མཐའ་བརྒྱུད་ལས་སོང་ན། །
ཚིག་དེ་ཚོ་བརྗེད་གི་མ་འཇོག །
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་ལྷོ་ཁུལ་རིག་གནས་ཁང་གཉིས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་མི་སྣས་ཐེངས་འདིའི་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་ལ་མཐུན་རྐྱེན་གང་ལེགས་གནང་བ་དང་། དཀར་མོ་སི་ཏཱ་ནང་མ་སྤྲོ་སྐྱིད་ཁང་གིས་རྩེད་ར་བཀོད་སྒྲིག་སོགས་ཀྱི་ཐད་རྒྱབ་སྐྱོར་གང་ལེགས་གནང་། འདིར་ཆེད་དུ་གསལ་བཤད་བྱ་རྒྱུ་ཞིག་ནི། སྤྱི་ཟླ6པའི་ཚེས11ཉིན་ནས་ཚེས14བར། མཚོ་སྔོན་པོ༼ སྨོན་ལམ་མཐོན་པོ་རྟགས་མ ༽ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་མགོ་ལོག་འགྲན་ཁུལ་གྱི་འགྲན་སྡུར་རྨ་ཆེན་རྫོང་ནས་དུས་ལྟར་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་གཟིགས་མོ་བ་དང་ལྟ་མཁན་ཡོངས་ཀྱིས་དོ་སྣང་ཡོད་པར་འཚལ།
གསར་འགོད་པ། ཚེ་རིང་བཀྲ་ཤིས། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན། ཚེ་རིང་བཀྲ་ཤིས།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།