ལ་གཞས་འགྲན་སྡུར་སྐབས་བརྒྱད་པ་ལས་རྨ་ལྷོ་འགྲན་ཁུལ་གྱི་བསྡུས་འཕྲིན།
2024.06.21 ཁུངས། ཀློག་གྲངས། 148

སྤྱི་ཟླ6པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་གླུ་གར་ཚོགས་པ། རྫོང་སོ་སོའི་རིག་གནས་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་པོ༼སྨོན་ལམ་མཐོན་པོ་རྟགས་མ༽ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་རྨ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་རིག་པ་འབྱུང་བའི་གྲོང་ཁྱེར་དུ་འབོད་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་བོད་ཀྱི་ཟློས་གར་ཁྲིད་སྦྱོང་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ།

འགྲན་ཁུལ་ལྔ་བ་སྟེ་རྨ་ལྷོ་འགྲན་ཁུལ་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་22ཞུགས་ཡོད་པ་དང་། འགྲན་ཞུགས་པ་རྣམས་ཀྱིས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་ཤུགས་སྣོན་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་ཡིད་ལ་དམ་པོར་བཅངས་ཏེ་བོད་ཀྱི་ལ་གཞས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་བ་དམིགས་འབེན་དུ་བཟུང་ནས་སྙན་མོ་ཚིག་གི་སྒྱུ་རྩལ་ངག་གི་དབྱངས་རྟར་དྲངས་ནས་གསལ་དག་སྙན་གསུམ་ལྡན་ལ་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་མཐུན་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཉམས་སྣང་བརྗོད་བྱ་ཡིན་པའི་དམངས་ཁྲོད་སྙན་ངག་མང་པོ་ཞིག་གཟིགས་མོ་བ་རྣམས་ཀྱི་སེམས་ངོར་བྲིས།

ཉིན་གཉིས་ཀྱི་རིང་གི་ཛ་དྲག་འགྲན་བསྡུར་ཁྲོད་དཔྱད་འདེམས་པ་རྣམས་ཀྱི་དྲང་བཞག་དང་ལུགས་མཐུན། གཟུར་གནས་བཅས་ཀྱི་དཔྱད་འདེམས་བརྒྱུད་མཐར་འགྲན་ཞུགས་གླུ་བ་5དང་གླུ་མ་5ཐེངས་འདིའི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་བསྡུར་གྱི་སྐབས་བརྒྱད་པའི་བསྐྱར་འགྲན་ཁྲོད་ཚུད་ཡོད།

ཐེངས་འདིའི་བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་རྣམས།

ཐེངས་འདིའི་རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམས་པའི་སྡེ།

ང་དེང་མ་རོགས་ལ་རྩེད་དུས་སུ།།

ཚིག་དོན་ཆུང་སྟེང་ལ་དོན་ཆེན་བཞག།

ཤ་མཆིན་པའི་སྟེང་ལ་ལག་པ་བཞག །

དེ་དེང་མའི་རོགས་ལ་རྩེད་སྲོལ་ཡིན།།

ས་སྡེ་ཆེན་རྩེད་ར་ནང་ན།།

ཁ་ལ་གཞས་མཛོད་ལ་མནན་ཡོད།།

ཁྱོས་མཛོད་ཀྱི་མཛོད་སྒོ་ཕྱེ་དང་།།

ང་ལེན་གི་རྩེད་བ་ཐོན་ཡོད།།

རྟ་ཉོ་ཉོ་ཚང་མ་འདི་སར་ཤོག།།

རྟ་སྤུ་ཁ་ཅན་པོར་བལྟ་ས་ཡོད།།

ནང་གོམ་ལག་ཅན་པོ་ཉོ་རྒྱུ་ཡོད།།

རྟ་འདི་ནས་ཉོས་ན་ཉོས་ནི་ཡིན།།

སྡེ་ཆེན་པོར་དགོས་ནོ་རོགས་རེད།།

རོགས་ཆུང་ལོར་དགོས་ནོ་ཚིག་ཡིན།།

ཚིག་སྙན་མོས་སྙིང་གཏམ་བརྗོད་ན།།

རོགས་འགྲོགས་ནི་ཞིག་གི་འདོད་རེད།།

ཁ་ལ་གཞས་ལེན་ན་ལ་གཞས་ལེན།།

ཁ་ལ་གཞས་ཁྲ་ཡག་རྫ་ལ་ལེན།།

འབྲོང་བྲེ་སེར་ཐུགས་ལ་རན་ནི་ལེན།།

ཁ་སྐོམ་པ་རྫ་ཆུ་ཡོད་ནི་ལེན།།

ཆུ་རྨ་ཆུ་བཞུར་བཞུར་འོ་མ་རེད།།

ཁའི་འགྲམ་དར་འབྲི་མར་སེར་བོ་རེད།།

ཆུ་བཅུ་འདོད་སེམས་ཀྱི་གཞིར་བཞག་རེད།།

ང་ཁྲམ་པ་དགའ་དགའ་རྟ་དགའ་གི།

རྟ་འདི་འདྲའི་ནང་ནས་ཁྱོད་དགའ་གི།

ཅི་བཤད་ཀྱང་རྟ་རྒྱུད་དགའ་བོ་འདི།།

རྟ་བརྒྱ་ཚོགས་ས་ཞིག་ནས་མི་འདྲ་གི།

སྟོད་སྤང་དཀར་རྒྱན་ཆ་ལུག་རེད།།

ལུག་ཚེར་མོའི་རྒྱན་ཆ་བལ་རེད།།

བལ་ལྷོག་ནས་འདུག་ཁོམ་མེད་ནོ།།

ངའི་སྐྱེ་བ་སྔོན་གྱི་ལས་རེད།།

ལྟད་མོ་བའི་སྡེ།

ལྟད་མོ་བའི་སྡེ།

ལས་བྱེད་མི་སྣའི་སྡེ།

གསར་འགོད་པ། བསྟན་འཛིན། བསོད་ནམས་ལྷ་མོ། ནོར་བུ་མཚོ།