ཟླ7པའི་ཚེས28ཉིན་གྱི་དགོང་མོར། འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི་བྱ་དགའ་གནང་བའི་དགོང་ཚོགས་འབའ་ཐང་ལུ་གུའི་རྩེད་ཐང་དུ་བསྡུས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དངོས་འབེབས་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ། འབའ་ཡུལ་རྫོང་རུ་རིག་གནས་སྔོག་འདོན་དང་ཁྱབ་སྒྲོག་བྱེད་པར་དམིགས་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཐུན་ཏེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པ་བསྡུས་པ་ཡིན་ལ། ཟླ་ཡུན་གཉིས་ལྷག་གི་འགྲན་སྡུར་གྱི་གོ་རིམ་ཆ་ཚང་བརྒྱུད། གཞི་ནས་བཀྲ་ཤིས་ཤིང་བདེ་བླག་ངང་ཡོངས་སུ་མཇུག་བསྒྲིལ།
བྱ་དགའ་གནང་བའི་དགོང་ཚོགས་སྟེང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མི། ཐེ་ཀྲང་གཞོན་པ་བློ་བཟང་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཝེ། ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་དབང་ཕྱུག མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་དབང་གྲགས་ཚེ་རིང་སོགས་ཞུགས་ཡོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མི། ཐེ་ཀྲང་གཞོན་པ་བློ་བཟང་གིས་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་གནང་བ།
ཏང་དང་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་དགོས་པའི་ཐད་དགོངས་པ་གལ་ཆེན་བཏོན་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གནང་ཡོད་ལ། སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ནི་བོད་རིགས་མི་དམངས་ཀྱི་སྤྱི་ཚོགས་འཚོ་བའི་གོ་རིམ་ཁྲོད། འཚོ་བའི་ཉིང་ཁུ་དང་བློ་གྲོས་ཀྱི་རྩལ་ལས་ཐོན་ཞིང་། བདེ་སྐྱིད་ཀྱི་འཚོ་བ་གླུ་རུ་ལེན་པའི་དམངས་ཁྲོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན།
ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་མཱ་ཞའོ་ཝེ་དང་ཐུན་ཏེ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་དབང་ཕྱུག་གཉིས་ཀྱིས་ཨང་གཉིས་པ་ཐོབ་མཁན་ལ་བྱ་དགའ་གནང་བ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་འདི་རྒྱུན་འཛིན་དར་སྤེལ་གཏོང་ཆེད། ལོ་ངོ་སུམ་ཅུ་ཙམ་གྱི་རིང་ལ་གཙོ་སྒྲུབ་བྱས་ཏེ་ད་ལྟ་སྐབས་བརྒྱད་པར་སླེབས་ཡོད་ཅིང་། སྒྱུ་རྩལ་འདིའི་དར་ཁྱབ་ལ་བླ་ལྷག་གིས་ནུས་པ་ཐོན་པས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཆེས་ཆེར་དར་ཡོད་ལ། མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་སྒྱུ་རྩལ་ཞིག་ཏུ་གྱུར་ཡོད།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་པ་དབང་གྲགས་ཚེ་རིང་དང་། ཐུན་ཏེ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ལེའང་ཧྲན། ཐུན་ཏེ་རྫོང་སྲིད་གྲོས་ཀྲུའུ་ཞི་དོན་གྲུབ་ཚེ་རིང་བཅས་ཀྱིས་ཨང་གསུམ་པ་ཐོབ་མཁན་གསུམ་ལ་བྱ་དགའ་གནང་བ།
ཐུན་ཏེ་རྫོང་གི་རྫོང་རུ་རིག་གནས་ནི་རྡོ་ཆས་གསར་མའི་དུས་སྐབས་སུ་ཁུངས་འདེད་ཐུབ་པའི་ལོ་རྒྱུས་ཀྱི་དཔང་རྟགས་གལ་ཆེན་ཞིག་ཡིན་ལ། གནའ་ནས་བཟུང་ས་འདིའི་མང་ཚོགས་རྣམས་ལས་ལ་བརྩོན་ཞིང་། བློ་གྲོས་ཆེ་བ། འཚོ་བར་དགའ་ཞིང་འཆམ་མཐུན་ཡིན་པ། རིག་གནས་ཀྱི་རྫོང་མཐུག་ལ་དཔལ་ཡོན་ཆེས་ཆེར་དར་ས་ཡིན་པ་ནི། རྫོང་རུའི་གནའ་ཤུལ་ནས་ཐོན་པའི་རིག་དངོས་དག་ལས་ཇི་བཞིན་དུ་མངོན་ཐུབ། རྫོང་རུའི་རིག་དངོས་དག་ནི་ཚོན་རྫ་གཙོར་བྱས། རུས་ཆས་དང་གཡང་ཊི། ཟངས་ཆས། ཚོན་རིས་སྣ་ཚོགས། ཐབ་ཚང་སོགས་རིག་དངོས་ཁྲི་གཉིས་ལྷག་བུད་པའི་འབྱུང་ཡུལ་དཔལ་ཡོན་ཆེ་ས་ཞིག་ཡིན་ལ། དེ་ཉིད་རང་རྒྱལ་གྱི་མཱ་ཅ་ཡོ་རིག་གནས་དང་ཆི་ཅ་རིག་གནས་དག་དང་དོ་ཟླ་འགྲན་པའི་རིག་གནས་བླ་ན་མེད་པ་ཞིག་ཡིན།
ཁ་བའི་མེ་ཏོག་ལྔ་ལ་བྱ་དགའ་གནང་བ།
ཐུན་ཏེ་རྫོང་གིས་རྫོང་རུ་རིག་གནས་འདི་སྔོག་འདོན་དང་ཞིབ་འཇུག ཁྱབ་སྒྲོག་བཅས་བྱས་ཏེ་རང་རྒྱལ་གྱི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལ་བརྒྱན་རིས་བཏོད་པ་དང་། རིག་གནས་འདི་བརྒྱུད་དེ་ཐུན་ཏེ་རྫོང་གི་མིང་བྱང་ཀུན་ལ་བསྒྲགས་ནས། རིག་གནས་ཡུལ་སྐོར་དང་དངུལ་གཏོང་ཚོང་འདྲེན། ཐོན་ལས་གསར་གཏོད། ཐོན་རྫས་ཕྱིར་གཏོང་སོགས་བྱས་ཏེ་རྫོང་ཡོངས་ཀྱི་མི་དམངས་ཀྱི་དཔལ་འབྱོར་འཚོ་བ་གོང་སྤེལ་དང་། སྤྱི་ཚོགས་རིག་གནས་དར་སྤེལ་དུ་གཏོང་བཞིན་ཡོད།
ཕུལ་བྱུང་བྱ་དགའ་ཐོབ་མཁན་དག་ལ་བྱ་དགའ་གནང་བ།
འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི་བྱ་དགའ་གནང་བའི་དགོང་ཚོགས་སྟེང་། སྒྲ་སྙན་རྡུང་ལེན་གྱི་སྒྱུ་རྩལ་པ་མང་པོ་གདན་ཞུ་གནང་ནས་སྒྲ་སྙན་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་པར་མ་ཟད། མིང་དུ་གྲགས་པའི་གླུ་བ་གླུ་མ་མང་པོ་གདན་དྲངས་ནས་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་པས། འབའ་ཐང་ལུ་གུའི་རྩེད་ཐང་གླུ་གར་གྱི་རྒྱ་མཚོར་གྱུར་ནས་འབའ་ཡུལ་གྱི་ཡུལ་མི་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་སོང་།
བཀྲ་ཤིས་ཕུན་ཚོགས་དང་བསྟན་འཛིན་ཉི་མ། གཡང་ཕྱུག་མཚོ། ཚེ་དབང་ལྷ་མོ།
ཤེར་བསྟན་དང་ཛམ་ཐང་འཇིགས་མེད།
རིག་འཛིན་སྒྲོལ་མ།
སྒྲ་སྙན་སྒྱུ་རྩལ་པ་པད་མ་ཚེ་རིང་།
བསང་སྐལ་བྷེ། ཨ་མཆོག་ཚེ་བརྟན། རྫ་ཆུའི་ངག་དབང་།
སྐལ་བཟང་བཀྲ་ཤིས། དཀོན་མཆོག་སྐྱབས། བསམ་ཁོ།
གཡང་ཕྱུག་མཚོ། བསྟན་པའི་རྒྱལ་མཚན།
བློ་གསལ། པད་མཚོ།
ནམ་མཁའ་མཚོ།
རིག་འཛིན་ཐར། ཆོས་སྐྱིད། བན་ཏེ་མཚོ།
སྒྲ་སྙན་སྒྱུ་རྩལ་པ་ཁྲིན་ཅཱ་ཝེའམ་མཚོ་བྱུང་།
སྐལ་བཟང་རྣམ་གྲོལ།
ནོར་བུ་དབང་རྒྱལ། ཕུར་བུ་སྒྲོལ་མ།
ཤར་མཚོ། ཨ་མ་ལེ་རོལ་ཚོགས། བུ་ཁྲིད།
སྒྲ་སྙན་པ་ཆུང་ཆུང་།
སྒྲ་སྙན་སྒྱུ་རྩལ་པ།
ཁ་བ་ཅན་གྱི་མེ་ཏོག་སྣ་ལྔའི་མཆོད་པ།
སྒྲ་སྙན་དཔང་བསྟོད།
སྒྲ་སྙན་སྒྱུ་རྩལ་པ།
སྒྲ་སྙན་སྒྱུ་རྩལ་པ།
ལྟད་མོ་བའི་ཚོགས།
ལྟད་མོ་བའི་ཚོགས།
ལྟད་མོ་བའི་ཚོགས།