ལྷ་མགོན། ཐོག་མའི་འགྲན་རིམ་གྱི་དཔྱད་འདེམ་པ།
2024.06.04 ཁུངས། ཀློག་གྲངས། 309

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་ཐུན་ཏེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་ཆ་ཚང་དྲ་ཐོག་ནས་སྤེལ་བཞིན་ཡོད་པ་དང་། འགྲན་རིམ་ལས་བདམས་ཐོན་བྱུང་བའི་བརྩམས་ཆོས་མཐའ་དག་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས། གངས་ལྗོངས་མེ་ལོང་དྲ་ཚིགས། གངས་ལྗོངས་མེ་ལོང་APPབཅས་སྟེགས་བུ་བཞི་བརྒྱུད་ནས་གཏོང་རྒྱུ་དང་། ཐོག་མའི་དཔྱད་འདེམ་པ་ཚང་མས་ཀྱང་དྲ་ལམ་གྱི་བརྩམས་ཆོས་གཞིར་བཟུང་ནས་སྐར་མ་བརྒྱབ་ཡོད་པ་དང་།  སྐར་མ་རྒྱག་སྟངས་དང་ཐོབ་སྐར་ཚང་མ་འདྲ་མཉམ་དང་དྲང་བདེན། ཕྱི་གསལ་ནང་གསལ་ཡོང་བའི་ཆེད་དུ་དཔྱད་འདེམ་པ་རེ་རེས་བྱིན་པའི་སྐར་མ་དྲ་ལམ་ནས་སྤྱི་སྒྲོག་བྱ་རྒྱུ་ཡིན་པས་སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་དང་ལྟ་རྟོགས་བྱེད་པར་མཁྱེན།

ཐོག་མའི་འགྲན་རིམ་གྱི་དཔྱད་འདེམ་པ།

ལྷ་མགོན།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།  མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།  དགེ་རྒན་ཆེན་མོ་གཞོན་པ།