ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།
2024.07.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 189

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས།

(2024ལོའི་ཟླ7པའི་ཚེས18ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་གྲོས་འཆམ་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ལ་ཀྲུང་དབྱང་ཨུ་ཡོན199དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན165ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཁྲོད་གཞི་རིམ་གྱི་བློ་མཐུན་འགའ་དང་ཆེད་མཁས་པ་འགའ་ཡང་གྲོས་ཚོགས་ལ་ཟུར་དུ་ཞུགས།

ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་མཛད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནངས།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་མཛད། 

ཚང་འཛོམས་གྲོས་ཚོགས་ནས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའི་མངག་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་གསན་པ་དང་གྲོས་བསྡུར་མཛད། ཀྲུང་གུང་ཀྲུང་དབྱང་གི་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་ཆོད་དོན་དེའི་གྲོས་བསྡུར་མ་ཡིག་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནངས།

ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བར་ཁས་ལེན་གང་ལེགས་མཛད། གཅིག་གྱུར་སྒོས་བལྟས་ན། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་པའི་རྒྱལ་ཁབ་ཕྱི་ནང་གི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ལས་འགན་མདུན་ནས། ཀྲུང་དབྱང་ཆབ་སྲིད་ཅུའི་ཡིས་ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེས་དང་པོ་དང་གཉིས་པའི་དགོངས་དོན་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། འཐུས་ཚང་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་ཐོག་ཡར་འཕེལ་བྱེད་པའི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཏེ། གནས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་འདོམ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་བ་དང་འཆར་འགོད་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་གཏན་འཇགས་ངང་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་བསམ་བློའི་དྲིལ་སྒྲོག་རིག་གནས་བྱ་བར་ཤུགས་སྣོན་བྱས་ཏེ། ཟོལ་མེད་ཀྱིས་དམངས་འཚོའི་འགན་སྲུང་དང་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཞང་ཀང་དང་ཨོ་མིན་གྱི་བྱ་བ་དང་ཐེ་ཝན་གྱི་བྱ་བར་སྐུལ་འདེད་གཏོང་བ་དང་། གཏིང་ཟབ་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་སྐུལ་འདེད་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ཀྱི་ཏང་སྐྱོང་ནན་མོར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་སྣོན་བྱུང་ནས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ནས་གོམ་སྟབས་བརྟན་པོ་སྤོས་ཡོད།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། འདི་ནི་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཆི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་རྣམ་པ་རེད། 

ཚང་འཛོམས་གྲོས་ཚོགས་ནས་དུས་རབས་གསར་བའི་ཚུན་གྱི་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་མོའི་ལག་ལེན་བཟང་བོ་དང་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་ཏེ། མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བཅོས་བསྒྱུར་སྒོ་འབྱེད་ཁྲོད་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ཞིག་ཡིན་ལ། དེས་བཅོས་བསྒྱུར་སྒོ་འབྱེད་ཁྲོད་མདུན་ལྗོངས་རྒྱ་ཆེན་པོ་ཞིག་གསར་འབྱེད་ཐུབ་ངེས་རེད། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར། མི་དམངས་མང་ཚོགས་ཀྱི་རེ་འདུན་གསར་བ་བཅས་ཀྱི་མདུན་ནས། ངེས་པར་དུ་རང་རྟོགས་ཀྱིས་བཅོས་བསྒྱུར་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་དགོས།

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ལ། ངེས་པར་དུ་མར་ཁི་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏུན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་དགོངས་པ་གསར་བ་དང་ལྟ་ཚུལ་གསར་བ། ཆོད་གཏམ་གསར་བ་བཅས་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། འཐུས་ཚང་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ནས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། བབ་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་གཉེར་བཅས་རྒྱུན་འཁྱོངས་སྒོས་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱིའི་ཆེ་ཕྱོགས་གཉིས་ལ་གཅིག་འདོམས་དང་གནས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་གཅིག་འདོམས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་ལ། དཔལ་འབྱོར་སྒྲིག་ལུགས་ཀྱི་བཅོས་བསྒྱུར་སྣེ་ཁྲིད་དུ་བྱས་ཤིང་། སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་ཕན་བདེ་ཇེ་དྲག་ཏུ་གཏོང་བ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་མ་ལག་གཅིག་བསྡུས་དང་འབུར་ཐོན་གཙོ་གནད། བཅོས་བསྒྱུར་གྱི་དངོས་ཕན་ལ་དོ་སྣང་བྱས་ཏེ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་པ། སྟེང་གི་བཀོད་པ། དཔལ་འབྱོར་རྨང་གཞི། རྒྱལ་ཁབ་ཀྱི་བཅོས་སྐྱོང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་འཚམ་པར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྟོབས་དང་ལྡན་པའི་སྒུལ་ཤུགས་དང་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། འདི་ནི་ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཆི། ཝང་ཧུའུ་ཉིང་། ཚེ་ཆི། ཏེན་ཞོས་ཞང་། ལིས་ཞི་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བཞུགས་པའི་རྣམ་པ་རེད། 

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་བཏང་བ་ཡིན་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བཏང་བ་ཡིན། ཉིས་སྟོང་སོ་ལྔ་ལོའི་བར། ཕྱོགས་ཡོངས་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་ལུགས་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱས་ནས། དུས་རབས་འདིའི་དུས་དཀྱིལ་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་ལུགས་འཛུགས་པ་གནད་སར་འཛིན་པ་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་གནད་སར་འཛིན་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་གནད་དུ་འཛིན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བ་གནད་དུ་འཛིན་པ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་གནད་དུ་འཛིན་པ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པ་གནད་དུ་འཛིན་པ། ཏང་གི་མགོ་ཁྲིད་ཆུ་ཚད་དང་དུས་ཡུན་རིང་བོའི་སྲིད་འཛིན་ནུས་པ་ཇེ་མཐོར་གཏོང་བ་གནད་དུ་བཟུང་སྟེ། མུ་མཐུད་དུ་བཅོས་བསྒྱུར་མདུན་ནས་མདུན་དུ་སྐུལ་འདེད་གཏོང་དགོས་ལ། ཉིས་སྟོང་ཉེར་དགུ་ལོའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བརྒྱད་ཅུ་འཁོར་བའི་སྐབས་སུ། ཆོད་དོན་དེ་ལས་བཏོན་པའི་བཅོས་བསྒྱུར་ལས་འགན་ཡོངས་འགྲུབ་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་ན་བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་ཚུན་དང་ལྷག་པར་དུ་དུས་རབས་གསར་བར་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་པའི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་འཛུགས་སྐྲུན་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་རྩ་དོན་ལག་བསྟར་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། 

ཚང་འཛོམས་གྲོས་ཚོགས་ཀྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པར་བཀོད་སྒྲིག་ཆ་ཚང་བྱས་པ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་སྐྲུན་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གསར་གཏོད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པའི་སྒྲིག་གཞི་རྐྱེན་སྲོལ་འཛུགས་པ། ཆེ་ཕྱོགས་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། རིག་གནས་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། རྒྱལ་སྲུང་དང་དམག་དཔུང་བཅོས་བསྒྱུར་རྒྱུན་མཐུད་ངང་ཟབ་སྤེལ་བྱེད་པ། ཏང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ནས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་གཞི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཡིན་པས། ངེས་པར་དུ་ཚོང་རའི་སྒྲིག་སྲོལ་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པ་དང་། སྔར་ལས་འདྲ་མཉམ་དང་སྔར་ལས་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་བསྐྲུན་པ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེས་བཟང་བོར་བསྒྱུར་བ་དང་ཕན་འབྲས་ཆེས་ཆེ་བར་བསྒྱུར་བ་མངོན་འགྱུར་བྱེད་པ། ལག་བསྟར་བཟང་བོ་བྱེད་པ་མ་ཟད་དོ་དམ་བཟང་བོ་བྱེད་པ། ཚོང་རའི་སྒྲིག་ལམ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་ཚོང་ར་ནུས་མེད་ཅན་ལ་ཁ་གསབ་སྔར་ལས་བཟང་བོ་བྱེད་པ། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་གེགས་མེད་དུ་བསྒྱུར་ནས། སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་ཆེར་སྐྱེད་དགོས། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བྱེད་པ། རིགས་མི་འདྲ་བའི་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་དང་འདྲ་མཉམ་སྒོས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོལ་སྤྱོད་བྱེད་པ་དང་འདྲ་མཉམ་སྒོས་ཚོང་རའི་འགྲན་རྩོད་ཁྲོད་ཞུགས་པ། འདྲ་མཉམ་སྒོས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་པ། རིགས་མི་འདྲ་བའི་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་དགེ་མཚན་ཕན་ཚུན་ཁ་གསབ་བྱེད་པ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་པ་དང་། ཚོང་རའི་དཔལ་འབྱོར་གྱི་རྨང་གཞི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མགོ་འཛིན་མཛད། 

ཚང་འཛོམས་གྲོས་ཚོགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན་པས། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བས་བཅོས་བསྒྱུར་ལ་སྣེ་ཁྲིད་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་སློང་བཀག་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་དང་དགེ་མཚན་གསར་བ་བསྐྲུན་དགོས། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་བ་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།  ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དེང་རབས་ཅན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་མཐོར་འདེགས་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སློབ་གསོ་དང་ཚན་རྩལ། འཇོན་མི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་ཚན་རྩལ་གྱིས་རྒྱལ་ཁབ་དར་སྤེལ་གཏོང་བའི་འཐབ་ཇུས་དང་འཇོན་མིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། སློབ་གསོ་དང་ཚན་རྩལ་འཇོན་མིའི་སྒྲིག་གཞི་རྐྱེན་སྲོལ་གྱི་གཞི་གཅིག་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་གཅིག་འདོམས་བྱེད་པ། རིགས་གསར་བའི་རྒྱལ་ཡོངས་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཁོག་གི་ཕན་ནུས་མཐོར་འདེགས་གཏོང་དགོས། སློབ་གསོ་ཕྱོགས་བསྡུས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། འཇོན་མི་འཕེལ་རྒྱས་ཀྱི་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས་ཞེས་བསྟན།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་ནས་བསྡུས། 

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཚན་རིག་གི་ཆེ་ཕྱོགས་ལེགས་སྒྲིག་ཚོད་འཛིན་དང་ཕན་ལྡན་གྱི་སྲིད་གཞུང་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་གཞིའི་དགེ་མཚན་འདོན་སྤེལ་བྱེད་པའི་ནང་ཁོག་གི་རེ་བ་ཡིན་པས། ངེས་པར་དུ་ཆེ་ཕྱོགས་ལེགས་སྒྲིག་བཀག་སྡོམ་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་སྤེལ་བར་གཅིག་འདོམས་བྱེད་པ། ཆེ་ཕྱོགས་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་གྱུར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་འགོད་མ་ལག་དང་སྲིད་ཇུས་གཅིག་འདོམས་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནོར་ཁྲལ་གྱི་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། དངུལ་རྩའི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ནས། མཁར་གྲོང་མཉམ་བསྲེས་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་ཀྱི་རེ་བ་ཡིན་པས། ངེས་པར་དུ་རིགས་གསར་བའི་བཟོ་ལས་ཅན་དང་རིགས་གསར་བའི་གྲོང་གསེབ་ཅན། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་ལ་གཅིག་འདོམས་བྱེད་པ་དང་། མཁར་གྲོང་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་གི་མཉམ་བསྲེས་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། མཁར་གྲོང་གི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་སྒོས་བརྗེ་རེས་བྱེད་པ་དང་ཕྱོགས་གཉིས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ། མཁར་གྲོང་གི་བར་ཁྱད་ཇེ་ཆུང་དུ་གཏོང་བ། མཁར་གྲོང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས། རིགས་གསར་བའི་གྲོང་གསེབ་ཅན་གྱི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། ཞིང་དར་ཞིང་ཕན་དང་ཞིང་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས། ས་ཞིང་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་ཡིན། ངེས་པར་དུ་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་དང་། སྒོ་འབྱེད་ལ་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་དགེ་མཚན་ལ་བརྟེན་ནས། རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་པའི་ཁྲོད་སྒོ་འབྱེད་ནུས་པ་ཆེ་རུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་བྱེད་དགོས། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་བསྐྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བ་དང་ཕྱི་ཕྱོགས་ལ་མ་དངུལ་གཏོང་བའི་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ལེགས་སྒྱུར་བྱས་ནས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། ཆབ་སྲིད་ལམ་ལུགས་གལ་ཆེན་བཅས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རིམ་པ་སོ་སོའི་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བྱེ་བྲག་དང་དོན་དངོས་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་མངོན་པར་བྱེད་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོས་མོལ་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་བྱ་བའི་གནས་སྟངས་འཐུས་ཚང་དུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན།  ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན། ངེས་པར་དུ་རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་ཟིལ་སྲུང་སྐྱོང་བྱེད་པ། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་མ་ལག་སོ་སོའི་བཅོས་བསྒྱུར་ལ་མཐུན་སྦྱོར་བྱས་ནས་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྲིམས་འཛིན་དྲང་གཞག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ།  ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས།   ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན། ངེས་པར་དུ་རིག་གནས་ཀྱི་རང་རྟོན་ཇེ་དྲག་ཏུ་གཏོང་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་གཏོང་བ། གསར་བརྗེའི་རིག་གནས་དར་སྤེལ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཆ་འཕྲིན་ལག་རྩལ་མྱུར་དུ་འཕེལ་རྒྱས་སུ་འགྲོ་བའི་གནས་བབ་གསར་པ་དང་འཚམ་པར་བྱེད་པ། གཞི་ཁྱོན་ཆེ་བའི་ཕུལ་བྱུང་རིག་གནས་འཇོན་མིའི་དཔུང་སྡེ་གསོ་སྐྱོང་དང་གྲུབ་པར་བྱས་ནས།  མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱ་དགོས།  འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལམ་སྲོལ་ཇེ་ལེགས་སུ་གཏོང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཕན་ནུས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་རང་ནུས་ཅི་ཡོད་དང་གང་ཐུབ་དེ་སྒྲུབ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། མུ་མཐུད་དུ་མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདུན་རྒྱུན་མི་ཆད་པར་བསྐང་དགོས། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ན། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ། མི་གྲངས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐཱན་ཕྱིར་གཏོང་གི་ཚད་ཇེ་དམའ་རུ་གཏོང་བ་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བ། སྔོ་ལྗང་རྒྱ་བསྐྱེད་པ། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་ན། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དང་སྲུང་སྐྱོང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བ། རྒྱལ་ཁབ་ཡུན་རིང་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་དགོས་ན། སྤྱི་བའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ནས་བསྟན་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་དང་། དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་དང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་འགན་སྲུང་ནུས་ལྡན་བྱ་དགོས། མི་དམངས་དམག་དཔུང་གི་འགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ན། མཉམ་འབྲེལ་དམག་འཐབ་མ་ལག་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། དམག་དཔུང་དང་ས་གནས་ལས་བརྒལ་བའི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་མོ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པས། ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱེད་དགོས། བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་རང་ངོས་གསར་བརྗེ་ཡི་ལམ་ལུགས་ཚད་ལྡན་དུ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་བསྒྱུར་དང་། རང་ངོས་འཐུས་ཚང་དུ་གཏོང་བ། རང་ངོས་གསར་བསྒྱུར་བྱེད་པ། རང་ངོས་མཐོར་འདེགས་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་ཏུ་འགྱུར་བར་ཁག་ཐེག་བྱེད་དགོས། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་གྱི་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དོན་འཁྱོལ་ཡོང་བར་དམ་འཛིན་ལེགས་པོ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཡིན་པས། ངེས་པར་དུ་བློ་རྩ་བརྟན་པོས་རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་བསྟར་བྱེད་ཅིང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ  གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་དངོས་འབེབས་བྱེད་པ་དང་། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་གཏོང་བ། ཕྱི་དོན་བྱ་བའི་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་འཛུགས་སྐྲུན་ལ་སྣེ་ཁྲིད་པར་ཟབ་ཞུགས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱེད་དགོས་པ་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བཟང་པོ་བྱེད་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་སྤེལ་བའི་བརྗོད་དོན་དང་རྩ་དོན་གཙོ་བོ། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་དམ་འཛིན་གང་ལེགས་བྱེད་དགོས། ཏང་གོང་འོག་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་སྒོས་ཆོད་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་སྤེལ་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས་པར་བསྟན།

ཚང་འཛོམས་གྲོས་ཚོགས་ནས་མིག་སྔའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་པ་དང་། བློ་བརྟན་འགྱུར་མེད་སྒོས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་འབྱུང་དགོས་པ་ནན་གྱིས་བསྟན། ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཇུས་ཆོས་བཀོད་སྒྲིག་ལྟར། ཆེ་མཐོང་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ་དང་། རྒྱལ་ནང་གི་དགོས་མཁོ་ཧུར་ཐག་སྒོས་རྒྱ་བསྐྱེད་ཅིང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གི་སྒུལ་ནུས་གསར་བ་མགྱོགས་མྱུར་ངང་སྐྱེད་སྲིང་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དངོས་འབེབས་གནས་ཚུལ་ཕྱོགས་བསྡོམས་དང་དཔྱད་འཇོག་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་སྔོན་མའི་འཆར་འགོད་བྱ་བ་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ནས། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བཟང་པོ་བྱེད་པ་དང་། ས་ཁང་བདག་ཁོངས་དང་། ས་གནས་སྲིད་གཞུང་གི་བུ་ལོན། དངུལ་རྩའི་ལས་ཁུངས་ཆུང་འབྲིང་བཅས་ཁྱབ་ཁོངས་གཙོ་བོའི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱེད་པའི་ཐབས་ལམ་སྣ་ཚོགས་དོན་འཁྱོལ་བཟང་པོ་བྱེད་ཅིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། རང་བྱུང་གནོད་འཚེ་དང་ལྷག་པར་དུ་ཆུ་ལོག་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་བཀག་སྡོམ་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བདེ་འཇགས་ཉེན་ཁ་བཀག་སྡོམ་བྱེད་པའི་དྲ་རྒྱ་ཚགས་དམ་པོར་བཟོས་ཏེ། སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་བསྣན་ནས། ནུས་ལྡན་སྒོས་འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱེད་དགོས། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་གདོང་གཏོད་པ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ལ་སྣེ་ཁྲིད་དེ། རང་འགུལ་སྒོས་ཕན་ལྡན་གྱི་ཕྱི་ཕྱོགས་ཁོར་ཡུག་བསྐྲུན་དགོས་པར་བསྟན།

ཚང་འཛོམས་གྲོས་ཚོགས་ནས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་བཅས་ཟུང་འབྲེལ་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དམ་འཛིན་བྱེད་པ་དང་། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཏང་གི་མ་ལག་འཐུས་ཚང་དུ་འཛུགས་པ་དང་། སྤྱོད་ཚུལ་ལེགས་སྒྱུར་བྱེད་ཅིང་། རྣམ་པའི་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ནད་རྙིང་སེལ་ཐབས་བྱས་ཏེ། རྒྱུན་མཐུད་སྒོས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྐོར་གཟིགས་བྱ་བ་ལེགས་པོར་བསྒྲུབ་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཅིང་། ཏང་གི་གསར་སྐྲུན་ནུས་པ་དང་གཅིག་སྡུད་ནུས་པ། འཐབ་རྩོད་ནུས་པ་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱེད་དགོས་པ་ནན་གྱིས་བསྟན།

ཚང་འཛོམས་གྲོས་ཚོགས་ནས་ཏང་གི་སྒྲིག་ཡིག་གཏན་འབེབས་ལྟར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ཏེན་ལིས་ཆོན་དང་། ཡུའེ་ལིས་ཅུན། ཡུའེ་ཅི་ཧོང་བཅས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཁ་གསབ་བྱེད་རྒྱུ་གཏན་འཁེལ་བྱས།

ཚང་འཛོམས་གྲོས་ཚོགས་ནས་བློ་མཐུན་ཆིན་ཀང་གི་ལས་ཁུར་དགོངས་ཞུ་ཡི་གེ་དང་ལེན་བྱེད་པ་དང་། བློ་མཐུན་ཆིན་ཀང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ལེན་རྒྱུ་གཏན་འཁེལ་བྱས།

ཚང་འཛོམས་གྲོས་ཚོགས་ནས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ལིས་ཧྲང་ཧྥུའུ་དང་། ལིས་ཡུའེ་ཁྲའོ། སུང་ཅིན་མེན་བཅས་ཀྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བཟོས་པའི་གནད་དོན་གྱི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དེ་སྔོན་བཏོན་པའི་ལིས་ཧྲང་ཧྥུའུ་དང་ལིས་ཡུའེ་ཁྲའོ། སུང་ཅིན་མེན་བཅས་ཏང་ནང་ནས་ཕུད་པའི་ཆད་གཅོད་ལ་ཁས་ལེན་བྱས།

ཚང་འཛོམས་གྲོས་ཚོགས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེང་ཞིང་། སེམས་ཤུགས་གཅིག་སྒྲིལ་དང་དཔའ་ངར་མདུན་སྐྱོད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།