"ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད།" བཅོས་བསྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།
2024.07.19 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 80

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་དུ་གཏོང་བའི་སྤྱིའི་བཀོད་སྒྲིག་ཇུས་འགོད་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་མཐར་ཕྱིན་བྱ་རྒྱུའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་དྲག་པོ་མངོན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་དར་ཆ་གང་ཞིག་སྒྲེང་རྒྱུ་དང་ལམ་བུ་གང་ཞིག་ལ་བསྐྱོད་རྒྱུའི་སྐོར་ཡང་བསྐྱར་ཁྱབ་བསྒྲགས་བྱས་ཡོད་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བློ་སེམས་གཅིག་སྒྲིལ་དང་ཡར་བརྩོན་འབད་འབུངས་བྱས་ནས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ཟབ་སྤེལ་དུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཟམ་མི་ཆད་པར་གཏོད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་སྟེང་དུས་རབས་གསར་པའི་ཚུན་གྱི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བའི་རྒྱལ་ཁའི་ལག་ལེན་དང་གྲུབ་འབྲས་རླབས་པོ་ཆེ་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བཅོས་སྒྱུར་དེ་བྱེ་བྲག་གི་འཚོལ་ཞིབ་དང་མཁྲེགས་གཏོར་མཐའ་སྒྲོལ་ནས་མ་ལག་འདུས་གྲུབ་དང་ཁྱོན་ཡོངས་གཏིང་ཟབ་ཏུ་འགྱུར་བ་མངོན་འགྱུར་བྱུང་བ་དང་། ཁྱབ་ཁོངས་མང་པོ་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་བཅོས་སྒྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་སྐྲུན། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྐྲུན་མངོན་འགྱུར་བྱུང་ཡོད། ཚང་འཛོམས་གྲོས་ཚོགས་ལས་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཡིན་པས། ངེས་པར་དུ་རང་རྟོགས་ཀྱིས་བཅོས་སྒྱུར་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས།

ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་བྱེད་པ་རྒྱུན་འཁྱོངས། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་ངེས་པར་དུ་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རྩ་དོན་གལ་ཆེན་ནན་བཤད་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱེད་པ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་འབེན་ལ་དམ་པོར་སྦྲེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཀྲུང་གོའི་བཅོས་སྒྱུར་མུ་མཐུད་དུ་བརྗིད་ཉམས་ལྡན་པའི་སྒོ་ནས་མདུན་སྐྱོད་བྱེད་ངེས་རེད་ཟེར། 

ཚང་འཛོམས་གྲོས་ཚོགས་སྟེང2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་གཏན་འཁེལ་བྱས་ཏེ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་བདེ་འཇགས། རྒྱལ་སྲུང་དང་དམག་དཔུང་སོགས་ཀྱི་ཐད་ནས་མ་འོངས་པའི་ལོ་ལྔའི་རིང་གི་བཅོས་སྒྱུར་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བདེན་འཚོལ་དངོས་སྒྲུབ་དོན་འཁྱོལ་དམ་འཛིན་དང་། དགེ་སྒྲུབ་བྱེད་ཕོད་པ་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་གྲུབ་འབྲས་དང་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་བཅོས་སྒྱུར་ལ་ཞིབ་བཤེར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་ཟེར།

བཅོས་སྒྱུར་སྒོ་འབྱེད་ལ་ད་ལྟ་བ་མ་གཏོགས་འདས་པ་མེད། ཚོགས་ཞུགས་བློ་མཐུན་ཚོས་ཚང་འཛོམས་གྲོས་ཚོགས་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་ཅིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་ཐུབ་ངེས་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་། འགོ་འཛུགས་ས་གསར་པའི་ཐོག་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱ་དགོས་པར་འདོད།

ཤ་བོ་གསེར་མཚོས་བསྒྱུར།