ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཞང་ཀང་དུ་སྒྲོག་འགྲེལ་བྱས།
2024.08.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཚེས25ནས་ཚེས27ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་དང་། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི་དང་།    ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དོ་དམ་བཅོས་སྐྱོང་ཚོགས་པ།    སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་བཅས་ལ་སྒྲོག་འགྲེལ་ཐེངས་གསུམ་བྱས་པར་མ་ཟད། ཞང་ཀང་གི་བཟོ་ཚོང་ལས་རིགས་དང་ཚན་རྩལ་གསར་གཏོད་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་དམིགས་ནས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་དང་དོན་སྙིང་ཟབ་མོར་འགྲེལ་བཤད་གཏིང་ཟབ་བྱས་པ་དང་།   ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཛུབ་སྟོན་བསམ་བློ་དང་།    སྤྱིའི་དམིགས་འབེན།    རྩ་དོན་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་བྱས།    《ཆོད་དོན》ནང་བཏོན་པའི་བྱེད་ཐབས་གལ་ཆེན་དང་ལས་འགན་བླང་བྱ་གཙོ་གནད་དུ་བཟུང་ནས་འགྲེལ་བཤད་གསལ་བོ་བྱས།

ཚོགས་འདུར་ཞུགས་པའི་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣས་བསྟན་དོན། ཞང་ཀང་གིས་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ལས་བྱུང་བའི་གོ་སྐབས་གལ་ཆེན་དམ་འཛིན་ནན་མོ་བྱས་ཏེ་ཧུར་ཐག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་དགོས།     ཞང་ཀང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།    ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་མཚོ་ཐོག་སྐྱེལ་འདྲེན།    ཉོ་ཚོང་སོགས་ལྟེ་གནས་ཀྱི་གོ་གནས་སྲ་བརྟན་དང་མཐོར་འདེགས་སུ་བཏང་སྟེ།    ཞང་ཀང་གི་ཁྱད་ཆོས་ལྟར་རྒྱལ་ཁབ་ཀྱི་དགོས་མཁོའི་ཐད་བྱས་རྗེས་འཇོག་དགོས་ཟེར།

ཤ་བོ་རིན་མཚོས་བསྒྱུར།