སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དེ་པེ་ཅིང་དུ་གཟབ་རྒྱས་ངང་བསྡུས་པ་དང་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་མཛད་སྒོར་ཞུགས།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 91

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དེ་ཚེས30ཉིན་གྱི་སྔ་དྲོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས།


ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཁོད་ཡངས་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་རླུང་གིས་ལྷབ་ལྷུབ་སྐྱོད་བཞིན་འདུག ཐང་ཆེན་གྱི་དཀྱིལ་དུ་མེས་རྒྱལ་ལ་རྟེན་འབྲེལ་ཞུ་ཞེས་པའི་མེ་ཏོག་སི་ར་ཆེན་པོས་མེས་རྒྱལ་དར་རྒྱས་གོང་འཕེལ་འགྲོ་བའི་སྨོན་འདུན་བཟང་པོ་མཚོན་ཡོད། བརྗིད་ཉམས་ལྡན་པའི་ངང་ཀྲོང་ངེར་འགྱིང་བའི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་བྱང་འགྲམ་གྱི་མེ་ཏོག་སྟེགས་བུའི་སྟེང་བརྒྱན་པའི་མེ་ཏོག་ལུག་མིག་དཀར་པོ་སོགས་ཀྱིས་གྲུབ་པའི་མེ་ཏོག་ཕྲེང་བ་བཅོ་བརྒྱད་ཀྱིས་ཀྲུང་ཧྭའི་བུ་བུ་མོ་རྣམས་ཀྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཚུལ་མཚོན་ཡོད།

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཆུ་ཚོད་བཅུ་བར་ཉེ་དུས། ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སླེབས་ནས་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

དྲན་གསོའི་རྡོ་རིང་གི་མདུན་དུ། ལས་རིགས་སོ་སོའི་འཐུས་ཚབ་པ་ཉིས་སྟོང་བཞི་བརྒྱ་ལྷག་གིས་ལག་ལ་མེ་ཏོག་བཟུང་སྟེ་གྲལ་སྒྲིག་ནས་ལངས་འདུག ཁོ་ཚོའི་གྲས་སུ་ལོ་བརྒྱད་ཅུ་དགུ་བཅུ་ལོན་པའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། བྲང་ལ་དཔྱང་དར་དམར་པོ་བཏགས་པའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་འཐུས་ཚབ་པ། གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་འཐུས་ཚབ་པ་དང་། ལང་ཚོའི་གསོན་ཤུགས་རྒྱས་པའི་ན་གཞོན་སློབ་མ་དང་ལོ་ཆུང་བྱིས་པ་བཅས་ཡོད།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་རོལ་དབྱངས་ཚོགས་པའི་དུང་ཆུང་འབུད་མཁན་གྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་དུང་བརྡ་ཞེས་པ་བུས། སྙན་འཇེབས་ཀྱི་གདངས་དབྱངས་དེས་མི་རྣམས་ཀྱི་དྲན་པ་ཟང་ཟིང་འགྱུར་ལྡོག་ཆེ་བའི་ལོ་རྒྱུས་དུས་རབས་སུ་ཁྲིད།

གུས་ཞབས་དམག་མིས་གྲ་སྒྲིག་བྱོས་ཞེས་པའི་བཀའ་བརྡ་བསྒྲགས་རྗེས། དམག་གསུམ་གྱི་གཟབ་སྦྲེང་རུ་ཁག་གིས་གོམ་སྟབས་བརྟན་པོས་རྗེས་དྲན་རྡོ་རིང་གི་མདུན་དུ་སོང་ནས་གུས་འདུད་ཞུས།

ཆུ་ཚོད་བཅུ་པའི་སྟེང་། མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་བརྩམས། དམག་མིའི་གཟབ་སྦྲེང་རུ་ཁག་གིས་བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས་དཀྲོལ་བ་དང་། ཚོགས་མི་ཡོངས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

རྒྱལ་གླུ་བླངས་ཚར་རྗེས། ཚོགས་མི་ཡོངས་ཡར་ལངས་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བྱ་གཞག་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས།

མྱ་ངན་ཞུས་ཚར་རྗེས། ལག་ལ་མེ་ཏོག་བཟུང་ཡོད་པའི་ལོ་ཆུང་བྱིས་པ་ཚོས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཕྱོགས་ནས་ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུད་འཛིན་པ་ཡིན་ཞེས་པའི་གླུ་གཞས་བླངས་པར་མ་ཟད་ན་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས།

གྲལ་སྒྲིག་པའི་རུ་དཔུང་གི་མདུན་དུ།  ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ། དམངས་གཙོའི་ཏང་ཁག་སོ་སོ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་རྒྱལ་གཅེས་མི་སྣ། མི་དམངས་ཚོགས་པ་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས། འཐབ་མོ་པ་རྒན་པ། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་དགུ་གྲལ་སྒྲིག་ནས་བཞག་ཡོད་ལ། མེ་ཏོག་སི་རའི་གོས་ཐག་དམར་པོའི་སྟེང་བྲིས་པའི་མི་དམངས་དཔའ་བོ་གཏན་དུ་གནས་ཡོད་ཅེས་པའི་ཡིག་འབྲི་དེ་དག་ལྷག་པར་མིག་ལམ་དུ་མཛེས་པར་སྣང་།

དམག་མིའི་གཟབ་སྦྲེང་རུ་ཁག་གིས་མེ་ཏོག་འབུལ་བའི་རོལ་མོ་དཀྲོལ་བ་དང་། གུས་ཞབས་དམག་མི་བཅོ་བརྒྱད་ཀྱིས་མེ་ཏོག་སི་ར་བཏེགས་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་བསྐྱོད་དེ་མེ་ཏོག་སི་ར་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་གི་སྟེགས་བུའི་སྟེང་དུ་བཞག

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་དྲན་གསོའི་རྡོ་རིང་གི་སྟེགས་བུའི་སྟེང་བུད་དེ་མེ་ཏོག་སི་རའི་མདུན་ནས་གུས་འདུད་ཞུས། མེ་ཏོག་དེ་དག་གིས་མི་དམངས་དཔའ་བོར་དྲན་གདུང་ཚད་མེད་བཅངས་པ་དང་བླ་མེད་གུས་འདུད་ཞུས་པ་མཚོན་ཡོད།

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གོམ་སྟབས་བརྟན་པོས་མདུན་དུ་ཕེབས་ནས་མེ་ཏོག་སི་རའི་གོས་ཐག་ལེགས་སྒྲིག་ཞིབ་མོ་བྱས། དེའི་རྗེས་སུ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཀྱིས་སྐོར་བ་བརྒྱབ་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མཇལ།

ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་རྗེས་དྲན་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་གི་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་འདུད་ཞུ་བའི་ཚུལ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་། འབད་འཐབ་མདུན་བསྐྱོད། བདེན་སྲུང་གསར་གཏོད་བཅས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྣ་ཚོགས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ཞིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཐད་རྣམ་པ་གསར་བ་བཏོད་ཡོད། སྐྱོད་ལམ་གསར་པར་ཞུགས་རྗེས། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ལྷག་གིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་མདུན་སྐྱོད་སྟོབས་ཤུགས་བརྩོན་ལེན་བྱེད་པ་དང་། བློ་སྟོབས་ཆེར་སྐྱེད་ཀྱིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་དུས་རབས་ཀྱི་ལེའུ་གསར་པ་འབད་པས་བྲིས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

ལོ་ཆུང་བྱིས་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་པ་རྣམས་རིམ་པ་བཞིན་དུ་དྲན་གསོའི་རྡོ་རིང་གི་མདུན་དུ་སོང་ནས་ལག་གི་མེ་ཏོག་ཕུལ་བར་མ་ཟད་དྲན་གསོའི་རྡོ་རིང་ལ་མཇལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་ཀྱིས་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་འགོ་འཛིན་བྱས།

པེ་ཅིང་དུ་སྡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།  རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མཛད་སྒོར་ཞུགས།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་དང་ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་པ། པེ་ཅིང་དུ་སྡོད་པའི་འཐབ་མོ་པ་རྒན་པ་དང་བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ཀྱི་འཐུས་ཚབ་པ། བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་འཐུས་ཚབ་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་ཁོངས་མི། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་པ་སོགས་མཛད་སྒོར་ཞུགས།

ལྷ་མོ་འཚོས་བསྒྱུར།