མཚོ་སྔོན་གྱིས་རྒྱལ་སྟོན་དུས་ཆེན་སྐབས་སུ་འཕྲལ་སྒྲུབ་ལས་སྲུང་བྱ་བར་ཤུགས་བསྣན།
2024.10.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་ནས་རྒྱུས་ལོན་པ་ལྟར་ན།   ཞིང་ཆེན་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་།    ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།    ཞིང་ཆེན་གནོད་འགོག་གནོད་སེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།    ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིན་བཅས་ཀྱིས་དུས་ཆེན་དང་གུང་གསེང་གལ་ཆེན་སྐབས་ཀྱི་ལས་རེས་སྣེ་ཁྲིད་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ལས་རེས་སྣེ་ཁྲིད་དང་ལས་རེས་མི་སྣར་མཉམ་འབྲེལ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། ལས་རེས་མི་སྣ་འདང་ངེས་པར་ཁག་ཐེག་བྱས།

ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་འཕེལ་ཕྱོགས་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། བདེ་འཇགས་གནས་བབ་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཆེད་ལས་སྟོབས་ཤུགས་ཀྱི་ལས་རེས་བརྟན་སྲུང་བཀོད་སྒྲིག་བྱས་ཏེ། ལས་རེས་མི་སྣས་ལས་རེས་ལས་སྒོ་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ཤེས་པ་དང་།    ལས་རེས་སྒྲིག་ཆས་དང་ཆ་འཕྲིན་སྙན་ཞུའི་མ་ལག་ཁོང་དུ་ཆུད་པ།    འཕྲལ་སྒྲུབ་ལས་རེས་བྱ་བ་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་བར་ཁག་ཐེག་བཅས་བྱས་ནས། རྒྱལ་སྟོན་དུས་སྐབས་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་ཁག་ཐེག་བྱས།

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་གཟབ་ནན་སྒོས་འགོ་ཁྲིད་ལས་བྱེད་པའི་དུས་ཚོད་ཉེར་བཞིའི་རིང་ལས་གནས་བརྟན་སྲུང་བྱེད་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་མཉམ་འགུལ། འཕྲལ་སྒྲུབ་དང་ལེན་སོགས་ཀྱི་བྱ་བའི་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་།    ས་ཁུལ་དང་ལས་རིགས་ཁྱབ་ཁོངས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་།    ཁ་པར་ཐོག་ནས་ལྟ་བཤེར་བྱེད་པ།    བཀོད་འདོམས་བཀོད་གཏོང་བཅས་ལ་ཤུགས་བསྣན་ནས།    མི་སྣའི་དཔུང་ཁག་དང་སྒྲིག་ཆས་དངོས་རྫས།    དྲ་རྒྱའི་འཕྲིན་གཏོང་སོགས་ཀྱི་ཕྱོགས་བསྡུས་འགན་སྲུང་གྲ་སྒྲིག་ལ་ཤུགས་སྣོན་པ་བཅས་བྱས་ནས། གནོད་འཚེའི་དོན་རྐྱེན་བྱུང་མ་ཐག་འཕྲལ་མར་དང་ལེན་དང་།    བྱ་སྤྱོད་མྱུར་དུ་སྤེལ་བ།    ཚན་རིག་དང་མཐུན་པའི་ཁ་གཏད་འཇལ་བ།    ཐག་གཅོད་ནུས་ལྡན་ཐུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།