ཉེ་སྔོན་རྒྱལ་ཁབ་དང་སྲིད་ཏང་གི་འགོ་ཁྲིད་པ་མང་བོས་ལང་ལོང་སྒོས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་བཏང་བའམ་འཕྲིན་ཡིག་བསྐུར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་སུ། བདག་གིས་ཨ་མེ་རི་ཁའི་མི་དམངས་ཀྱི་ཚབ་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་རྟེན་འབྲེལ་ཞུས་བ་དང་། ཆེས་ལེགས་པའི་སྨོན་འདུན་ཞུས་པ་ཡིན་ཟེར།
ཀི་ལུའུ་ཅི་ཡཱའི་ཙུང་ཐུང་ཙུའུ་ལཱ་པུས་ཧྲི་ཝེ་ལེ་ཡིས་བསྟན་དོན། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་དར་རྒྱས་དང་གཏན་འཇགས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀི་ལུའུ་ཅི་ཡཱ་དང་ཀྲུང་གོས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། མཉམ་ལས་ཀྱི་ཐབས་ལམ་གསར་བ་བདེ་བླག་ངང་འཚོལ་ཞིབ་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།
ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་འཛམ་གླིང་ཡོངས་ཀྱི་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་ཇེ་ཟབ་ཏུ་སོང་ནས། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་སྔ་ལས་མང་བོ་ཐོབ་པར་ཡིད་ཆེས་ཡོད་ཟེར།
ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་སོང་ནས་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་བོ་ལོན་པར་ཡིད་ཆེས་ཡོད་ཟེར།
ཨེ་མཱེ་ནི་ཡཱའི་ཙུང་ཐུང་ཧཱ་ཆཱ་ཐུའུ་ལིང་གིས་བསྟན་དོན། ལོ75རིང་ལ། ཀྲུང་གོའི་སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་བཅས་ཀྱི་འཕེལ་རྒྱས་གྲུབ་འབྲས་མངོན་གསལ་ཡིན། ཨེ་ཤ་ཡཱ་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཀྲུང་གོའི་ཕྱོགས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་པ་དང་། མཛའ་མཐུན་ལྡན་པའི་ཀྲུང་གོའི་སྲིད་གཞུང་དང་མི་དམངས་སྔར་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བའི་སྨོན་འདུན་ཞུས།
པཱ་ལིན་གྱི་རྒྱལ་བོ་ཧཱ་མཱ་ཏི་ཡིས་བསྟན་དོན། པཱ་ལིན་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྲ་བརྟན་ཡིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཨར་ཅི་རི་ཡཱའི་ཙུང་ཐུང་ཐི་པིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡཱ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་གང་ལེགས་བྱེད་འདོད་ཡོད་ཟེར།
དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གིས་བསྟན་དོན། རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད་པ་དང་། དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཐན་ཙན་ནི་ཡཱའི་ཙུང་ཐུང་ཧཱ་སིང་གིས་ཀྲུང་གོས་བླངས་པའི་ལམ་ཚད་རྡོ་རིང་ལྟ་བུའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཕྱོགས་ཡོངས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱས་ནས། ཐན་ཙན་ནི་ཡཱ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་བཟང་བོ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། ཙེམ་པབ་ཝེ་དང་ཀྲུང་གོའི་བར་དུས་ཡུན་རིང་བོའི་མཛའ་མཐུན་འབྲེལ་བ་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།
ཀཱ་ནཱའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏའོ་ཡིས་བསྟན་དོན། ཀཱ་ནཱ་ཡིས་ཀྲུང་གོའི་བར་ལག་རྡང་སྦྲེལ་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཉམ་ལས་གྲུབ་འབྲས་རྒྱ་བསྐྱེད་བྱེད་འདོད་ཡོད་ཟེར།
སེ་ཧྲི་ཨར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་། ཕྱོགས་མང་རིང་ལུགས། རྒྱལ་སྤྱིའི་མཉམ་ལས་བཅས་ཀྱིས་ཐད་མཉམ་ལས་ཀྱི་གྲོས་གཞི་ཆེན་མོ་རབ་དང་རིམ་པ་བཏོན་ནས། ཐུན་མོང་གི་དར་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས། ཡུན་རིང་ཞི་བདེ་བཅས་མངོན་འགྱུར་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།
ཀུའེ་ནེ་ཡཱའི་ཙུང་ཐུང་ཏོན་པུའུ་ཡཱ་ཡིས་བསྟན་དོན། ཀུའེ་ནེ་ཡཱ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་ཟབ་པ་དང་། ཀུའེ་ནེ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྔར་ལས་མང་བོ་བསྐྲུན་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་འདོད་ཡོད་ཟེར།
ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ་ཡིས་བསྟན་དོན། ཀྲུང་གོས་མི་སེམས་འགུལ་བའི་གྲུབ་འབྲས་བླངས་ཡོད་ཅིང་། ཨན་ཁོ་ལཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། སྔར་ལས་འདྲ་མཉམ་དང་མཐུན་སྒྲིལ་གྱི་འཛམ་གླིང་ཞིག་མཉམ་འཛུགས་བྱེད་འདོད་ཡོད་ཟེར།
ཏའོ་ཀིའི་ཙུང་ཐུང་ཧྥུའུ་ལོས་ཀྱིས་བསྟན་དོན། ཏའོ་ཀི་ཡིས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ།
སྙིང་ཐག་པ་ནས་ཀྲུང་གོའི་མི་དམངས་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་ཡོང་བར་སྨོན་འདུན་ཞུ་བཞིན་ཡོད་ཟེར།
མཱ་ལཱ་ཝེའི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་ཡིས་བསྟན་དོན། ཀྲུང་གོའི་འགོ་ཁྲིད་པའི་སྣེ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ཡོངས་ཀྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཡོད་ལ། རླབས་ཆེ་བའི་ཀྲུང་གོ་ཞི་བདེ་ལྷིང་འཇགས་དང་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་ཟེར།
ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་བསྟན་དོན། ཕོ་ལན་དང་ཀྲུང་གོས་དུས་ཡུན་རིང་བོར་གཏན་འཇགས་དང་ཕན་འབྲས་ལྡནཔ་འི་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་འདོད་ཡོད་ཟེར།
ཧྥུན་ལན་གྱི་ཙུང་ཐུང་སི་ཐུའུ་པུའུ་ཡིས་བསྟན་དོན། ཧྥུན་ལན་དང་ཀྲུང་གོའི་འབྲེལ་བ་དུས་ཡུན་རིང་བོར་མཛའ་མཐུན་ཡིན་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ལ། ཀྲུང་གོ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་དང་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།