ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ནི2004ལོའི་ཟླ5པའི་ཚེས1ནས་བཟུང་ལག་བསྟར་བྱེད་མགོ་བརྩམས་ཏེ་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་འགན་སྲུང་བཅས་བྱེད་པར་ནུས་པ་མི་དམན་པ་ཐོན། 2024ལོའི་ཟླ5པའི་ཚེས1ཉིན་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལག་བསྟར་བྱས་ཏེ་ལོ་ངོ་ཉི་ཤུ་འགོར་བའི་ལོ་ཡིན་པས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཆ་ཚང་ཡིག་བསྒྱུར་བྱས་ཏེ་མུ་འགོད་བྱ་རྒྱུ་ཡིན།
ལེའུ་དང་པོ། རྩ་དོན།
དོན་ཚན་དང་པོ། གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་འཛིན་བྱས་ནས། འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བ། མི་ལུས་བདེ་ཐང་ལ་སྲུང་སྐྱོབ་དང༌། སྤྱི་དམངས་དང་ཁྲིམས་མི། གཞན་པའི་རྩ་འཛུགས་ཀྱི་རྒྱུ་ནོར་བདེ་འཇགས་དང་དེ་མིན་ཕྱོགས་གཞན་པའི་ཁྲིམས་མཐུན་ཁེ་དབང་བཅས་ལ་སྲུང་སྐྱོབ་བྱས་ཏེ། ཤར་བགྲོད་ལས་ཆོད་ཇེ་མཐོར་གཏོང་ཆེད། བཅའ་ཁྲིམས་འདི་གཏན་འཁེལ་བྱས་པ་ཡིན།
དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རླངས་འཁོར་ཁ་ལོ་བ་དང༌། ལམ་འགྲོ་བ། རླངས་འཁོར་ལ་སྡོད་པའི་མི་དང་དེ་མིན་གཞུང་ལམ་འགྲིམ་འགྲུལ་བྱ་འགུལ་ལ་འབྲེལ་བ་ཡོད་པའི་ལས་ཁུངས་དང་མི་སྒེར་ཡོངས་ཀྱིས་བཅའ་ཁྲིམས་འདི་བརྩི་སྲུང་བྱེད་དགོས།
དོན་ཚན་གསུམ་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་ཀའི་ཕྱོགས་ནས། ཁྲིམས་ལྟར་དོ་དམ་དང་མང་ཚོགས་ལ་སྟབས་བདེ་བཟོ་བའི་རྩ་དོན་ངེས་པར་དུ་གཞི་འཛིན་ས་བྱས་ནས། གཞུང་ལམ་འགྲིམ་འགྲུལ་ལ་གོ་རིམ་ལྡན་པ་དང་བདེ་འཇགས། བདེ་བགྲོད་ཐུབ་པ་ཁག་ཐེག་བྱེད་དགོས།
རྩོམ་སྒྲིག་པ་དང་མདོ་འཛིན་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།