ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
ལེའུ་གཉིས་པ། རླངས་འཁོར་དང་ཁ་ལོ་བ།
ཚན་པ་གཉིས་པ།
འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་པ།
དོན་ཚན་ཉེར་གཉིས་པ། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་ངེས་པར་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འཁེལ་ལ་བརྩི་སྲུང་བྱེད་དགོས་ལ། བཀོལ་སྤྱོད་ཚད་གཞི་ལྟར་བདེ་འཇགས་དང་དཔལ་ཡོན་གྱིས་རླངས་འཁོར་གཏོང་དགོས།
ཆང་འཐུང་བ་དང་རྒྱལ་ཁབ་ཀྱིས་དོ་དམ་བྱེད་པའི་དབང་རྩའི་སྨན་རྫས་སམ་ཡང་ན་སྦྲིད་སྨན་འཐུང་བ། ཡང་ན་བདེ་འཇགས་ཀྱིས་འཕྲུལ་སྒུལ་རླངས་འཁོར་བསྐོར་བར་གནོད་པ་ཡོད་པའི་ནད་རིམས་བྱུང་ཡོད་པ། ཡང་ན་ཐང་ཆད་དྲགས་ནས་བདེ་འཇགས་ཀྱིས་རླངས་འཁོར་གཏོང་བར་ཤུགས་རྐྱེན་ཡོད་ན། འཕྲུལ་སྒུལ་རླངས་འཁོར་གཏོང་མི་ཆོག།
མི་སུས་ཀྱང་ཁ་ལོ་བར་བཙན་ཚུགས་དང་ངན་སྐུལ། རྒྱ་ཡན་གྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བ་དང༌། འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ཀྱིས་གཏོང་དུས་གང་འདོད་ཀྱི་རེ་བ་འདོན་མི་ཆོག།
དོན་ཚན་ཉེར་གསུམ་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འཁེལ་གཞིར་བཟུང་ནས། དུས་བཅད་ནང་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བའི་ལག་འཁྱེར་ལ་ཞིབ་དཔྱད་རྩིས་ལེན་ལག་བསྟར་བྱེད་དགོས།
དོན་ཚན་ཉེར་བཞི་པ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་ཀྱི་ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བའི་བྱ་སྤྱོད་ལ། ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་པ་ལས་གཞན། སྐར་གྲངས་གསོག་པའི་ལམ་ལུགས་ལག་བསྟར་བྱེད་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྐར་གྲངས་བསགས་ནས་གཏན་འཁེལ་གྱི་སྐར་མའི་ཚད་ཐིགས་ལ་སླེབས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བར། ཁ་ལོ་བའི་ལག་འཁྱེར་བཀག་ཉར་བྱེད་པ་དང༌། དེར་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སློབ་གསོ་གཏོང་དགོས་པ་མ་ཟད། ཡང་བསྐྱར་རྒྱུགས་ལེན་དགོས་པ་དང༌། རྒྱུགས་བླངས་ནས་འཕྲོད་ན། དེའི་ཁ་ལོ་བའི་ལག་འཁྱེར་ཕྱིར་སྤྲོད་དགོས།
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། ཟླ་བཟང་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།