ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་བཅུ་གཅིག་པ།
2024.07.28 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་གསུམ་པ། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན།

དོན་ཚན་སོ་གཅིག་པ། ཆོག་མཆན་མ་བརྒྱུད་པར། ལས་ཁུངས་དང་མི་སུས་ཀྱང་གཞུང་ལམ་སྤྱད་ནསའགྲིམ་འགྲུལ་བྱ་འགུལ་སྤེལ་མི་ཆོག

དོན་ཚན་སོ་གཉིས་པ། འཛུགས་སྐྲུན་ཨར་ལས་ཀྱི་དགོས་མཁོར་བརྟེན་ནས་གཞུང་ལམ་བེད་སྤྱོད་དང་སྔོག་འདོན་བྱེད་པ་དང༌། ཡང་ན་གཞུང་ལམ་བརྒྱུད་དེ་གློག་སྐུད་དང་ལྕགས་མདོང་གསར་འཛུགས་དང་འཕར་སྣོན་བྱ་དགོས་ཚེ།  ངེས་པར་དུ་སྔོན་ལ་གཞུང་ལམ་གཙོ་གཉེར་སྡེ་ཁག་གི་མོས་མཐུན་ཡོད་དགོས། འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཡོད་ན། ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་མོས་མཐུན་ཡོད་དགོས།

ལས་སྐྲུན་ལས་སྒྲུབ་ལས་ཁུངས་ཀྱི་ངེས་པར་དུ་ཆོག་མཆན་ཐོབ་པའི་ལམ་རྒྱུད་དང་དུས་ཚོད་ནང་ལས་སྐྲུན་ལས་སྒྲུབ་བྱེད་པ་དང༌། དེ་དང་ལྷན་དུ་ལས་སྐྲུན་ལས་སྒྲུབ་ས་གནས་ཀྱི་རླངས་འཁོར་ཡོང་སའི་བར་ཐག་ངེས་ཅན་ཡོད་པར་མངོན་གསལ་གྱི་བདེ་འཇགས་ཉེན་བརྡའི་རྟགས་མཚན་འཛུགས་པ་དང༌། འགོག་སྲུང་བྱེད་ཐབས་བརྩོན་ལེན་བྱེད་དགོས། ལས་སྐྲུན་ལས་སྒྲུབ་འགྲུབ་བྱས་རྗེས། ངེས་པར་དུ་ཅི་མྱུར་ཀྱིས་གཞུང་ལམ་སྟེང་གི་འགལ་རྐྱེན་བཟོ་བའི་དངོས་བོ་གཙང་སེལ་དང༌། བདེ་འཇཊ་ཀྱི་མི་མངོན་པའི་རྐྱེན་ངན་གཙང་བཤེར་བྱེད་དགོས་ཤིང༌། གཞུང་ལམ་གཙོ་གཉེར་སྡེ་ཁག་དང་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཞིབ་བཤེར་བརྒྱུད་ཚད་ལྡན་ཡིན་པ་དང༌། ཤར་བགྲོད་གྱི་བླང་བྱ་དང་འཚམ་རྗེས། ཤར་བགྲོད་བསྐྱར་གསོ་བྱ་ཆོག

འགྲིམ་འགྲུལ་གྱི་བར་མ་ཆད་པའི་གཞུང་ལམ་ལས་སྐྲུན་ལས་སྒྲུབ་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ངེས་པར་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ་དང༌། གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་བརྩི་སྲུང་བྱེད་དགོས།

དོན་ཚན་སོ་གསུམ་པ། སྤྱི་པའི་བཟོ་བཀོད་དང་ཚོང་ལས་ཁྲོམ་སྲང༌། སྡོད་ཁུལ། བཟོ་བཀོད་ཆེ(འབྲིང)གྲས་སོགས་རྒྱ་བསྐྱེད་དང་བསྒྱུར་བཀོད། གསར་འཛུགས་བྱེད་པར། ངེས་པར་དུ་རླངས་འཁོར་འཇོག་ས་གསར་འཛུགས་བྱེད་དགོས། རླངས་འཁོར་འཇོག་ས་མ་འདང་ན། ངེས་པར་དུས་ཐོག་ཏུ་བསྒྱུར་བཀོད་དང་རྒྱ་བསྐྱེད་དགོས། བཀོལ་སྤྱོད་བྱེད་བཞིན་པའི་རླངས་འཁོར་འཇོག་ས་དེ་རང་འདོད་ཀྱིས་བཀོལ་སྤྱོད་བྱེད་མཚམས་འཇོག་པའམ་ཡང་ན་གཞན་དུ་སྤྱོད་པར་བསྒྱུར་མི་ཆོག

གྲོང་ཁྱེར་གྱི་གཞུང་ལམ་ཁྱབ་ཁོངས་ནང༌། ལམ་འགྲོ་བ་དང་རླངས་འཁོར་ཤར་བགྲོད་ལ་ཤུགས་རྐྱེན་མི་བཟོ་བའི་གནས་ཚུལ་འོག སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གིས་རླངས་འཁོར་འཇོག་སར་བཏང་ཆོག

རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།