ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་བཅུ་གཉིས་པ།
2024.08.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་གསུམ་པ། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན།

དོན་ཚན་སོ་བཞི་བ། སློབ་གྲྭ་དང་བྱིས་སྐྱོང་ཁང༌། སྨན་ཁང༌། རྒན་གསོ་ཁང་བཅས་ཀྱི་སྒོ་མདུན་གྱི་གཞུང་ལམ་སྟེང་ཕར་ཚུར་དུ་འགྲོ་བར་སྒྲིག་ཆས་མེད་ན། ངེས་པར་དུ་མི་བགྲོད་སའི་འཕྲེད་ལམ་ལམ་ཐིག་འཐེན་དགོས་པ་དང༌། བློ་སྟོན་རྟགས་མཚན་འཛུགས་དགོས།

གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོའི་མི་བགྲོད་སའི་ལམ་དུ། ངེས་པར་དུ་འཆར་འགོད་ལྟར་ལོང་བའི་བགྲོད་ལམ་འཛུགས་དགོས། ལོང་བའི་བགྲོད་ལམ་གྱི་སྒྲིག་བཀོད་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་ཚད་གཞི་དང་འཚམ་དགོས།

ལེའུ་བཞི་བ། གཞུང་ལམ་ཤར་བགྲོད་ཀྱི་གཏན་འཁེལ།

ལེ་ཚན་དང་པོ།  སྤྱིར་བཏང་གི་གཏན་འཁེལ།

དོན་ཚན་སོ་ལྔ་པ། འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས་ཀྱིས་གཡས་ངོས་ནས་ཤར་བགྲོད་བྱེད་པར་ལག་བསྟར་བྱ་དགོས།

དོན་ཚན་སོ་དྲུག་པ། གཞུང་ལམ་གྱི་ཆ་རྐྱེན་དང་ཤར་བགྲོད་ཀྱི་དགོས་མཁོ་གཞིར་བཟུང་སྟེ། གཞུང་ལམ་ལ་འཕྲུལ་སྒུལ་རླངས་འཁོར་བགྲོད་ས་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས་དང་མི་བགྲོད་སའི་ལམ་བཅས་སོ་སོར་དབྱེ་དགོས།   འཕྲུལ་སྒུལ་རླངས་འཁོར་དང་འཕྲུལ་སྒུལ་རླངས་མིན་པའི་རིགས། མི་བཅས་རང་རང་གི་ལམ་དུ་བསྐྱོད་པ་ལག་བསྟར་བྱེད་དགོས།  འཕྲུལ་སྒུལ་རླངས་འཁོར་བགྲོད་ས་དང་འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས། མི་བགྲོད་ས་བཅས་སོ་སོར་དབྱེ་མེད་ན། འཕྲུལ་སྒུལ་རླངས་འཁོར་གཞུང་ལམ་གྱི་དཀྱིལ་ནས་བསྐྱོད་པ་དང༌། འཕྲུལ་སྒུལ་རླངས་འཁོར་མིན་པའི་རིགས་དང་ལམ་འགྲོ་བ་གཞུང་ལམ་གྱི་འགྲམ་གཉིས་ནས་བསྐྱོད་དགོས།


རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།