ཁྲིམས་ཀྱིས་བདེ་འཇགས་སྲུང་། དཔལ་ཡོན་གྲོགས་སུ་སྡེབ། ཁག་ཉེར་གཅིག་པ།
2024.10.29 ཁུངས། ཀློག་གྲངས། 2

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།

ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲི།

དོན་ཚན་གོ་གཅིག་པ། ཆང་འཐུང་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་བ་ཡིན་ན། ཟླ་བ6ཡན་གྱི་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་གནས་སྐབས་བཀག་ཉར་བྱེད་དགོས་པར་མ་ཟད། ད་དུང་སྒོར1000ཡན་དང2000མན་གྱི་ཆད་དངུལ་གཅོད་དགོས། ཆང་འཐུང་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་ནས་ཉེས་པ་འཁེལ་བ་དང་། ཡང་བསྐྱར་ཆང་འཐུང་ནས་རླངས་འཁོར་བསྐོར་ན།  ཟླ་བ་10མན་བཀག་ཉར་ བྱེད་དགོས་པ་མ་ཟད། ད་དུང་སྒོར1000ཡན་དང2000མན་གྱི་ཆད་དངུལ་གཅོད་དགོས་ལ། འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་མེད་པ་བཟོ་དགོས།

ཆང་གིས་བཟི་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀག་སྡོམ་བྱས་ཏེ་ཆང་གིས་དྭངས་སུ་བཅུག་ནས་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་མེད་པར་བཟོ་དགོས། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱས་ཏེ།  ལོ་5ནང་དུ་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་ཡང་བསྐྱར་བླངས་མི་ཆོག

ཆང་འཐུང་རྗེས་འཕྲུལ་སྒུལ་སྐྱེལ་འདྲེན་རླངས་འཁོར་བཏང་བ་ཡིན་ན། ཉིན15བཀག་ཉར་བྱེད་དགོས་པ་དང་།  སྒོར5000ཡི་དངུལ་ཆད་བཅད་ནས་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་མེད་པར་བཟོ་རྒྱུ། ལོ5ནང་དུ་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་ཡང་བསྐྱར་བླངས་མི་ཆོག

ཆང་གིས་བཟི་རྗེས་འཕྲུལ་སྒུལ་སྐྱེལ་འདྲེན་རླངས་འཁོར་བསྐོར་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བཀག་སྡོམ་བྱས་ཏེ་ཆང་གིས་དྭངས་སུ་བཅུག་ནས་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་མེད་པར་བཟོ་དགོས། ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱས་ཏེ།  ལོ10ནང་དུ་འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་ཡང་བསྐྱར་བླངས་མི་ཆོག་ལ།  འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་ཡང་བསྐྱར་བླངས་རྗེས། འཕྲུལ་སྒུལ་སྐྱེལ་འདྲེན་རླངས་འཁོར་གྱི་རིགས་བསྐོར་མི་ཆོག

ཆང་འཐུང་པའམ་ཆང་གིས་བཟི་རྗེས་འཕྲུལ་སྒུལ་རླངས་འཁོར་བསྐོར་སྟེ།  ཚབས་ཆེན་གྱི་འགྲིམ་འགྲུལ་དོན་རྐྱེན་བཟོས་ཚེ།  ཚེ་གང་བོར་ འཕྲུལ་སྒུལ་རླངས་འཁོར་གྱི་ལག་འཁྱེར་ཡང་བསྐྱར་བླངས་མི་ཆོག

དོན་ཚན་གོ་གཉིས་པ། གཞུང་ལམ་འགྲུལ་སྐྱེལ་རླངས་འཁོར་གྱི་འགྲུལ་བ་ཤོང་ཚད་གཏན་ཁེལ་བྱས་པ་ལས་བརྒལ་ན། སྒོར200ཡན་དང་500མན་གྱི་ཆད་གཅོད་བྱེད་དགོས། གཏན་ཁེལ་བྱས་པའི་འགྲུལ་པ་ཤོང་ཚད་ཀྱི་བརྒྱ་ཆའི་ཉི་ཤུ་དང་ཡང་ན་གཏན་ཁེལ་བྱས་པའི་དངོས་ཟོག་གི་ཐེག་ཚད་ལས་བརྒལ་ན། སྒོར་500ཡན་དང་2000མན་གྱི་ཆད་པ་གཅོད་དགོས།

ཟོང་འདྲེན་འཕྲུལ་སྒུལ་རླངས་འཁོར་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཤོང་ཚད་ཀྱི་ལས་བརྒལ་ན། སྒོར་200ཡན་དང་500 མན་གྱི་ཆད་གཅོད་བྱེད་དགོས། གཏན་ཁེལ་བྱས་པའི་ཤོང་ཚད་ཀྱི་གཏན་ཁེལ་བྱས་པའི་འགྲུལ་པའི་བརྒྱ་ཆའི་སུམ་ཅུ་དང་ཡང་ན་གཏན་ཁེལ་ལས་བརྒལ་ནས་འགྲུལ་པ་དྲུད་པར་སྒོར་500ཡན་དང་2000མན་གྱི་ཆད་པ་གཅོད་དགོས།

གོང་གི་དོན་ཚན་གཉིས་ཀྱི་བྱ་སྤྱོད་ལྡན་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་བཀག་ཉར་བྱས་པར་ཁྲིམས་འགལ་གྱི་རྣམ་པ་མེད་པར་གཏོང་དགོས།

སྐྱེལ་འདྲེན་སྡེ་ཁག་གི་རླངས་འཁོར་གྱིས་སྲོལ་ཡིག་འདིའི་དོན་ཚན་དང་པོ་དང་གཉིས་པའི་གཏན་ཁེལ་གྱི་གནས་ཚུལ་གྱི་ཆད་པ་བཅད་ནས་ཡོ་བསྲང་མི་བྱེད་པ་ལ་ཐད་ཀར་འགན་ཁུར་བའི་གཙོ་གཉེར་པས་སྒོར2000ཡན་དང་5000མན་གྱི་ཆད་པ་གཅོད་དགོས།

དོན་ཚན་གོ་གསུམ་པ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཕྲུལ་སྒུལ་རླངས་འཁོར་འཇོག་པ་དང་གནས་སྐབས་རླངས་འཁོར་འཇོག་པའི་གཏན་ཁེལ་དང་འགལ་བ་ཅན་ཡིན་ན། ཁྲིམས་འགལ་བྱ་སྤྱོད་ལ་མཛུབ་སྟོན་གནང་དགོས་ལ་ངག་ཐོག་གི་ཐ་ཚིག་སྒྲོག་པ་དང་གནས་དེ་ནས་རླངས་འཁོར་བསྐོར་ཏེ་འགྲོ་རུ་འཇུག་དགོས།

འཕྲུལ་སྒུལ་རླངས་འཁོར་ཁ་ལོ་བ་ཡུལ་དངོས་སུ་མེད་པ་དང་ཡང་ན་ཡུལ་དངོས་སུ་ཡོད་རུང་དེ་མ་ཐག་རླངས་འཁོར་མ་བསྐོར་བར། རླངས་འཁོར་གཞན་པ་དང་ལམ་འགྲོ་བའི་བགྲོད་སྐྱོད་ལ་བཀག་འགོག་བྱས་ན་སྒོར20ཡན་དང་སྒོར200མན་གྱི་ཆད་པ་གཅོད་དགོས་ཤིང༌། འཕྲུལ་སྒུལ་རླངས་འཁོར་དེ་དྲུད་ནས་འགྲིམ་འགྲུལ་ལ་བཀག་འགོག་མི་བྱེད་པའི་ས་གནས་དང་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བསྟན་པའི་ས་གནས་སུ་འཇོག་དགོས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་འདྲུད་དུས་རླངས་འཁོར་གྱི་བདག་པོར་རིན་དངུལ་ལེན་མི་ཆོག་ཅིང༌། འཕྲལ་དུ་ཁ་ལོ་པར་རླངས་འཁོར་འཇོག་ས་ཤེས་སུ་འཇུག་དགོས།

བྱེད་ཐབས་ཡང་དག་མིན་པའི་རླངས་འཁོར་འདྲུད་ཐབས་སྤྱད་པ་དེས་འཕྲུལ་སྒུལ་རླངས་འཁོར་ལ་གཏོར་བརླག་བཏང་ན་ཁྲིམས་ལྟར་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས།

དོན་ཚན་གོ་བཞི་པ། འཕྲུལ་སྒུལ་རླངས་འཁོར་གྱིས་བདེ་འཇགས་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་རླངས་འཁོར་བདེ་འཇགས་ཀྱི་ལག་རྩལ་ཞིབ་བཤེར་ལག་བསྟར་བྱེད་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱས་པའི་དངུལ་ལེན་ཚད་གཞི་ལས་བརྒལ་ནས་དངུལ་བླངས་ན་དངུལ་ལྷག་མ་བླངས་པ་ཕྱིར་སྤྲོད་དགོས། རིན་གོང་གཙོ་གཉེར་སྡེ་ཁག་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་གི་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཆད་གཅོད་བྱེད་དགོས།

འཕྲུལ་སྒུལ་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ལས་ཁུངས་ཀྱིས་འཕྲུལ་སྒུལ་རླངས་འཁོར་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི་ལྟར་ཞིབ་བཤེར་མི་བྱེད་པར་ཞིབ་བཤེར་མཇུག་འབྲས་རྫུན་མ་བསྟན་ན། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གིས་ཞིབ་བཤེར་གྲོན་དངུལ་ལྡབ5ཡན་དང་ལྡབ་10མན་གྱི་ཆད་པ་གཅོད་དགོས་ལ། ཁྲིམས་ལྟར་དེའི་ཞིབ་བཤེར་ཐོབ་ཐང་མེད་པར་གཏོང་དགོས། ཉེས་ཚད་ལོངས་ཡོད་ན། ཁྲིམས་ལྟར་ཉེས་དོན་རྩད་གཅོད་བྱེད་དགོས།


རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།