ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས།
ལེའུ་བདུན་པ། ཁྲིམས་ལུགས་ཀྱི་འགན་འཁྲི།
དོན་ཚན་གོ་ལྔ་པ། བགྲོད་ལམ་སྟེང་བསྐྱོད་པའི་འཕྲུལ་སྒུལ་རླངས་འཁོར་གྱིས་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་བཀལ་མེད་པ་དང་ཞིབ་བཤེར་ཚད་ལྡན་གྱི་མཚོན་རྟགས་དང་འགན་བཅོལ་མཚོན་རྟགས་བཞག་མེད་པ། ཡང་ན་རླངས་འཁོར་དང་བསྟུན་ནས་འགྲོ་སྐྱོད་ལག་འཁྱེར་དང་རླངས་འཁོར་བསྐོར་ཆོག་པའི་ལག་འཁྱེར་བསྣམས་མེད་པ་ལ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་བཀག་ཉར་བྱེད་པ་དང༌། རླངས་འཁོར་ཁ་ལོ་བར་འབྲེལ་ཡོད་ཀྱི་ཨང་རྟགས་དང་མཚོན་རྟགས། ཡང་ན་གསབ་སྒྲུབ་ཀྱི་འགྲོ་ལུགས་འདོན་སྤྲོད་བྱེད་དགོས་པའི་བརྡ་རྒྱག་དགོས། བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་ཐམ་པའི་གཏན་ཁེལ་ལྟར་ཆད་པ་བཅད་ཆོག ཁ་ལོ་པར་འོས་འཚམ་གྱི་ཨང་རྟགས་དང་མཚོན་རྟགས། ཡང་ན་གསབ་སྒྲུབ་ཀྱི་འགྲོ་ལུགས་འདོན་སྤྲོད་བྱེད་ཅིང༌། འཕྲལ་དུ་འཕྲུལ་སྒུལ་རླངས་འཁོར་ཕྱིར་སྤྲོད་དགོས།
འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་བསམ་བཞིན་དུ་བཀབ་པ་དང་ཉམས་ཆག་ཏུ་བཏང་བའམ་གཏན་ཁེལ་མ་ཡིན་པར་བཀལ་ཡོད་ཚེ། བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་ཐམ་པའི་གཏན་ཁེལ་ལྟར་ཆད་པ་གཅོད་དགོས།
དོན་ཚན་གོ་དྲུག་པ། འཕྲུལ་སྒུལ་རླངས་འཁོར་གྱི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། འགྲོ་སྐྱོད་ལག་འཁྱེར། རླངས་འཁོར་བསྐོར་ཆོག་པའི་ལག་འཁྱེར་བཅས་རྫུན་བཟོ་དང་བསྒྱུར་བསྐྲུན། ཡང་ན་རྫུན་བཟོ་དང་བསྒྱུར་བསྐྲུན་བཅས་བྱས་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་དེ་རྩིས་ལེན་དང་བཀག་ཉར་བྱེད་དགོས་ལ། ཉིན5མན་གྱི་བཀག་ཉར་བྱས་ཏེ། ཆད་པ་སྒོར 2000ཡན་དང5000མན་གཅོད་དགོས། ཉེས་ཚད་ལོངས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
འཕྲུལ་སྒུལ་རླངས་འཁོར་གྱི་ཞིབ་བཤེར་ཚད་ལྡན་གྱི་མཚོན་རྟགས་དང་། འགན་བཅོལ་མཚོན་རྟགས་རྫུན་བཟོ་དང་བསྒྱུར་བསྐྲུན་ཡང་ན་རྫུན་བཟོ་དང་བསྒྱུར་བསྐྲུན་བེད་སྤྱོད་བྱས་པར། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་དེ་རྩིས་ལེན་དང་བཀག་ཉར་བྱེད་དགོས་ལ། ཉིན10མན་གྱི་བཀག་ཉར་བྱས་ཏེ། སྒོར1000ཡན་དང3000མན་གྱི་ཆད་པ་གཅོད་དགོས། ཉེས་ཚད་ལོངས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།
རླངས་འཁོར་གཞན་དག་གི་ཐོ་འགོད་དཔང་ཡིག་དང་ཨང་རྟགས། འགྲོ་སྐྱོད་ལག་འཁྱེར། ཞིབ་བཤེར་ཚད་ལྡན་གྱི་མཚོན་རྟགས། འགན་བཅོལ་མཚོན་རྟགས་བེད་སྤྱོད་བྱེད་པར། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འཕྲུལ་སྒུལ་རླངས་འཁོར་དེ་རྩིས་ལེན་དང་བཀག་ཉར་བྱེད་དགོས་ལ། སྒོར2000ཡན་དང5000མན་གྱི་ཆད་པ་གཅོད་དགོས།
ཁ་ལོ་པས་ཁྲིམས་མཐུན་གྱི་དཔང་ཡིག་དང་ཡང་ན་གསབ་སྒྲུབ་ཀྱི་འགྲོ་ལུགས་འདོན་སྤྲོད་བྱས་པ་འཕྲལ་དུ་འཕྲུལ་སྒུལ་རླངས་འཁོར་ཕྱིར་སྤྲོད་དགོས།
དོན་ཚན་གོ་བདུན་པ། ཁྲིམས་མཐུན་མིན་པར་ཉེན་བརྡའི་ཡོ་ཆས་དང་མཚོན་རྟགས་གློག་སྒྲོན་ལྷུ་སྒྲིག་བྱས་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར་200ཡན་དང་2000མན་གྱི་ཆད་པ་གཅོད་དགོས།
དོན་ཚན་གོ་བརྒྱད་པ། འཕྲུལ་སྒུལ་རླངས་འཁོར་གྱི་མི་དང་བདག་གཉེར་པ་ཡོད་ཚད་ཀྱིས་རྒྱལ་ཁབ་ཀྱིས་གཏན་ཁེལ་ལྟར་འཕྲུལ་སྒུལ་རླངས་འཁོར་གྱི་དོ་བདག་པ་གསུམ་པས་འགན་འཁྲིའི་བཙན་ཤེད་འགན་བཅོལ་དུ་ཞུགས་མེད་པར་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་རླངས་འཁོར་བཀག་ཉར་བྱས་རྗེས་གཏན་ཁེལ་ལྟར་འགན་བཅོལ་དུ་ཞུགས་རྗེས་འགན་བཅོལ་དུ་ཞུགས་པའི་ཆེས་དམའ་བའི་འགན་འཁྲི་ལྟར་འགན་བཅོལ་གྲོན་དངུལ་གྱི་ལྡབ་གཉིས་ཀྱི་ཆད་པ་སྤྲོད་དགོས།
གོང་གི་དོན་ཚན་ལྟར་ཆད་དངུལ་སྤྲད་པ་དེ་དག་གཞུང་ལམ་འགྲིམ་འགྲུལ་ཆག་སྒོའི་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་རུ་འཇོག་དགོས། བྱེ་བྲག་གི་བྱེད་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ཁེལ་བྱ་དགོས།
རྩོམ་སྒྲིག་པ་དང་སྙན་སྒྲོན་པ། བཀྲ་ཤིས་དོན་གྲུབ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།