མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན།
2024.08.01 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 18

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆེས་ཆེ་བ་གསུམ”དང“བདེ་འཇགས་གསུམ”། “མཐོ་ས”བསྐྲུན་པ་དང“གནས་བཞི”འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་དེ་གོ་སྐབས་གསར་པ་དམ་འཛིན་དང་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱེད་པའི་འཇུག་སྒོ་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་།

མཚོ་ལྷོ་ཁུལ་གྱིས་སྟོང་ཝ་དུང་ཕྱུར་གཅིག་རིམ་པའི་ནུས་ཁུངས་གསར་པའི་རྟེན་གཞི་ཆེ་གྲས་ཤིག་བཙུགས་ཏེ། སྤྱིའི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་དྲུག་བརྒྱ་དགུ་དང་ཚེག་དྲུག་ཡོད་པའི་ནང་དུ། འོད་གློག་གླིང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱ་དགུ་དང་ཚེག་དྲུག་ཡོད་པ་དང་། རླུང་གློག་གླིང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་ཡོད། ཉི་འོད་གློག་འདོན་ས་ཚིགས་ཀྱི་ལས་བཟོ་པ་ཚའོ་ཅུན་གྱིས་བཤད་རྒྱུར།

དང་ཐོག་འདིར་ཡོང་དུས། ས་འདིའི་རྩི་ཤིང་སོགས་སྐྱེས་པ་མི་བཟང་ལ་ཕལ་ཆེར་ཐང་རྒོད་དུ་གྱུར་ཡོད།  ད་འདི་ནས་ལོ་བཅུ་འགོར་སོང་ལ། ད་བར་རྩྭ་སྐྱེས་པ་བཟང་ལ་བྱེ་འགོག་གི་ནུས་པ་ཐོན་ཀྱིན་ཡོད་པ་མ་ཟད་ལོ་རེའི་རླུང་གཡུག་ཚད་ཇེ་དམའ་རུ་སོང་ཡོད་པས་དངོས་ནས་ཡ་མཚན་པའི་དགེ་མཚན་བསྐྲུན་ཡོད། དེ་མིན་ཁྱད་ཆོས་ཤིག་ཡོད་པ་ནི་ཤེལ་ལེབ་ར་བའི་ནང་ལུག་བཏང་ན་གཅིག་ནས་འདིའི་ནང་གི་རྩྭ་ཟོས་ནས་གྲལ་དག་ཏུ་འགྱུར་ཐུབ་པ་མ་ཟད་མེ་འགོག་གི་ནུས་པ་ཐོན་ཞིང་འགྲོ་སོང་ཇེ་ཉུང་དུ་གཏོང་ཐུབ་ཀི  ཕྱོགས་གཞན་ཞིག་ནས་མཐའ་འཁོར་མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་ཡང་སྐོང་ཐུབ་ཀི

2023ལོའི་ལོ་མཇུག་བར་དུ། ནུས་ཁུངས་གསར་པའི་རྟེན་གཞི་འདིར་སྤྱིའི་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་གཅིག་བཏང་ནས། ནུས་ཁུངས་གཙང་མའི་དྲ་སྦྲེལ་གློག་འདོན་འཕྲུལ་འཁོར་གྱི་ཤོང་ཚད་སྟོངཝ་བྱེ་བ་གཉིས་ས་ཡ་དྲུག་འབུམ་གཉིས་དང་ཁྲི་དྲུག་ལ་སླེབས་པའི་ཁྲོད། འོད་དང་ཚ་ནུས་ཀྱིས་སྟོང་ཝ་ཁྲི་ལྔ་ཟིན་པ་དང་། ཆུ་དང་གློག་ནུས་ཀྱིས་སྟོང་ཝ་ས་ཡ་དྲུག་འབུམ་གཅིག་ཁྲི་བརྒྱད་ཟིན་ཡོད་ལ། འོད་ནུས་ཀྱིས་སྟོང་ཝ་བྱེ་བ་གཅིག་ས་ཡ་ལྔ་འབུམ་གསུམ་དང་ཁྲི་གསུམ་ཟིན་ཡོད་ཅིང་། རླུང་ནུས་ཀྱིས་སྟོང་ཝ་ས་ཡ་བཞི་དང་འབུམ་བདུན་ཟིན་ཡོད། རྟེན་གཞི་འདིས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གསར་པའི་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་བཞི་གཅིག་ཟིན་ཏེ། ཆུ་དང་རླུང་། འོད། གསོག་འཇོག ཚ་ནུས་བཅས་གཞི་གཅིག་ཅན་གྱི་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་སྤྱིའི་ཆ་ནས་གྲུབ་པར་བྱས།

རྟེན་གཞི་ཆེ་གྲས་འདི་ལ་སྔ་ཕྱིར“འཛམ་གླིང་གི་གློག་འདོན་འཕྲུལ་འཁོར་ཆེ་ཤོས་ཀྱི་འོད་ཤུགས་གློག་འདོན་གླིང་ཁུལ”དང“འཛམ་གླིང་གི་གློག་འདོན་འཕྲུལ་འཁོར་ཆེ་ཤོས་ཀྱི་ཆུ་འོད་གསབ་རེས་གློག་འདོན་ས་ཚིགས”ཞེས་པའི་མཚན་སྙན་ཐོབ་པར་མ་ཟད། ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་དབང་གིས། མཚོ་ལྷོ་ས་ཁུལ་གྱི་ནུས་ཁུངས་གཙང་མའི་རྒྱལ་སྤྱིའི་ཤུགས་རྐྱེན་མངོན་སུམ་གྱིས་ཆེ་རུ་བཏང་། ཐེ་གེ་ཡུལ་ཚོ་ཧི་ལི་སི་ཞོལ་མ་སྡེ་བའི་སྡེ་མི་ཡི་རྡོ་ཡིས་བཤད་རྒྱུར།

ཤེལ་ལེབ་བཙུགས་རྗེས་ར་བའི་ནང་དུ་རྩྭ་སྐྱེས་པ་ཧ་ཅང་བཟང་པས། ནོར་ལུག་ར་བའི་ནང་དེད་ནས་རྩྭ་ས་རུ་བཅུག་པ་ཡིན། དང་ཐོག ང་ཕྱུགས་ཟོག་བརྒྱ་ཙམ་མ་གཏོགས་མེད། ད་བར་སུམ་བརྒྱ་ལྷག་ལ་བུད་ནས་འདིའི་ཐད་ཀྱི་འགྲོ་སོང་ཡང་སྔར་ལས་ཇེ་མང་དུ་སོང་ཡོད། ཤེལ་ལེབ་ར་བའི་ནང་ནས་རྩྭ་ས་རུ་བཅུག་པར་བརྟེན། གཟན་ཆས་སོགས་ཐད་ཀྱི་འགྲོ་སོང་ཇེ་ཉུང་དུ་བཏང་བར་མ་ཟད། ཕྱུགས་ཟོག་ལ་ཤ་ཤེད་རྒྱས་ནས་རིན་གོང་མཐོན་པོས་ཕྱིར་བཙོང་ཐུབ། ཁོམ་སྐབས་བར་ནས་ཤེལ་ལེབ་ར་བའི་ནང་ནས་ཤེལ་ལེབ་བཀྲུ་བ་དང་། རྩྭ་འབྲེག་དུས་རྩྭ་འབྲེག་པ་སོགས་ཞོར་ལས་ཀྱང་བཙལ་ཐུབ་པས་ཡོང་འབབ་ཇེ་མང་དུ་གྱུར་ཡོད།

རྟེན་གཞི་འདིས་ཐོག་མཐའ་བར་གསུམ་དུ་ནུས་ཁུངས་གཙང་མ་གསར་སྤེལ་ལ་རྩེ་གཅིག་ཏུ་གཞོལ་ནས། ཉི་འོད་ནུས་པའི་གློག་ཁང་གི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་འཇུག་བྱེད་པ་དང་། ཉི་འོད་ནུས་པའི་ཐོན་ལས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་པ་གཙོ་གནད་དུ་བཟུང་ནས། “ཉི་འོད་ནུས་པ་དང་བྱེ་བཅོས་གཞི་གཅིག་ཅན”དང“ཉི་འོད་ནུས་པ་དང་སྐྱེ་ཁམས་བཅོས་སྐྱོང་གཞི་གཅིག་ཅན”གྱི་རྣམ་པ་གསར་པ་འཚོལ་ཞིབ་གང་ལེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་འགན་ལེན་དང་ས་མཐོའི་སྐྱེ་ཁམས་ཀྱི་གཞི་རྩའི་ནུས་པར་སྲུང་སྐྱོབ། གསར་འབྱེད་གསར་སྤེལ་བཅས་འཚོལ་ཞིབ་དང་ཞིབ་འཇུག་བྱས་ནས། རྒྱལ་ཁབ་ཀྱི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་འཐབ་ཇུས་ལ་རོགས་འདེགས་གང་ལེགས་བྱས།

གསར་འགོད་པ། ཕྱུག་ལོ། བན་དེ་སྐྱབས།

  ཤ་བོ་རིན་མཚོ། རིག་འཛིན་སྒྲོལ་མ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།