ཐུན་རིན་གྲོང་ཁྱེར་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཡོ་ལང་རབ་ཏུ་རྒྱས།
2024.09.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་གི་འབྲེལ་མཚམས་སུ་གནས་ཤིང་། རྨ་ཆུའི་ཁུགས་སོ་དང་པོར་ཆགས་པའི་རེབ་གོང་གསེར་མོ་ལྗོངས་ཏེ་ཐུན་རིན་གྲོང་ཁྱེར་དུ་ཉེ་བའི་དུས་སྐབས་ཤིག་གི་ནང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཡོ་ལང་ཞིག་ཀུན་ནས་རྒྱས་ཡོད་པ་དང་། ཐུན་རིན་གྲོང་ཁྱེར་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་དེ་ལོངས་སུ་སྤྱོད་བཞིན་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་གི་འཚོ་བ་མཉམ་བསྐྲུན་བྱེད་པར་བྲེལ་བཞིན་ཡོད།

ཐུན་རིན་གྲོང་ཁྱེར་དར་དམར་སྒྲོག་འགྲེལ་ཚོགས་པ་ནི་ཐུན་རིན་གྲོང་ཁྱེར་ཏང་ཨུ་དང་དྲིལ་སྒྲོག་པུའུ། ཏང་གི་སློབ་གྲྭ་བཅས་ཀྱིས་སྒྲིག་འཛུགས་བྱས་པའི་ཚོགས་པ་ཞིག་ཡིན་ཞིང་། སྒྲོག་འགྲེལ་ཚོགས་པ་དེས་ཏང་གི་གཞུང་ལུགས་གྲུབ་འབྲས་དང་ཐབས་ཇུས་གལ་ཆེན་དྲིལ་སྒྲོག་བྱེད་པ་རང་འགན་དུ་བརྩིས་ཤིང་། ཐུན་རིན་མངའ་ཁོངས་ཀྱི་ཡུལ་ཚོ་བརྒྱད་དང་གྲོང་རྡལ་གསུམ་དུ་སོང་ནས་གཞན་དང་མི་མཐུན་པའི་སྒྲོག་འགྲེལ་བྱ་འགུལ་མང་བོ་སྤེལ་ཏེ། གཅིག་བསྡུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱེད་པའི་ལས་འགན་ཁུར་དུ་བླངས་ཡོད་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སོགས་མི་ཚང་མར་ཤེས་རྟོགས་བྱུང་དུ་བཅུག་ཡོད། ཐུན་རིན་གྲོང་ཁྱེར་ཏང་གི་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་དོན་གྲུབ་ཀྱིས་བཤད་རྒྱུར།

“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི།ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་བཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་དང་། རང་རྒྱལ་གྱིས་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་དུས་སྐབས་སུ་འཚོགས་པའི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་ཡིན་ལ། ཡང་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་རེད། དུས་རབས་གསར་བ་དང་བགྲོད་ལམ་གསར་བར་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐུལ་སློང་བཀའ་རྒྱ་ཡང་བཏང་ཡོད་པ་རེད། དེར་བརྟེན། ཐུན་རིན་གྲོང་ཨུ་དང་གྲོང་ཨུའི་དྲིལ་བསྒྲགས་པུའུ། གྲོང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། སྐུལ་སློང་གི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཐུན་རིན་དར་དམར་དྲིལ་བསྒྲགས་ཚོགས་པའི་ཁོངས་མི་སྒྲིག་འཛུགས་བྱས་ཏེ། གཞི་རིམ་གྱི་ཡུལ་ཚོ་དང་། གྲོང་རྡལ། སྡེ་བ། སློབ་གྲྭ། དགོན་པ། ཁེ་ལས་སོགས་ཀྱི་ཁྱབ་ཁོངས་སུ་སློབ་ཁྲིད་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས། ཁྱོན་ཡོངས་ལ་དྲིལ་བསྒྲགས་བྱས་པས་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་ཚང་མས་ཤེས་པའི་གྲུབ་འབྲས་ཡག་པོ་ཞིག་བླངས་ཡོད།”

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཚད་མཐོ་བའི་ཆབ་སྲིད་འགན་འཁྲི་དང་ལས་འགན་འདུ་ཤེས་ཀྱིས་གཙོ་གནད་འབུར་དུ་ཐོན་པ་དང་གསལ་འགྲེལ་བྱས་པ་གཏིང་ཟབ་ཅིང་གོ་བདེ་བའི་སྒོ་ནས་སྒྲོག་འགྲེལ་བྱས་པར་བརྟེན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ནང་དོན་གཙོ་བོ་དང་། བཀོད་སྒྲིག་གལ་ཆེན། རྒྱང་རིང་གི་དོན་སྙིང་བཅས་མང་ཚོགས་ཚང་མར་བརྒྱུད་སྒྲོག་བྱས་པས། ཏང་ཡོན་ལས་བྱེད་པ་དང་སྤྱིར་བཏང་གི་མང་ཚོགས་སུ་ཡིན་ཡང་། ཏང་ཀྲུང་དབྱང་ལས་ཐོན་པའི་དྲོད་ཁོལ་ཉམས་སུ་མྱངས་ནས་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

སྒྲོག་འགྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་ལས་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། སྡེ་མི་མང་བོ་མཉམ་དུ་འདུས་ནས་ནན་ཏན་གྱིས་གསན་པ་དང་། དྲི་བ་མང་བོ་དྲིས་པར་མ་ཟད། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་བརྗེ་རེས་ཟབ་མོ་བྱས། མང་ཚོགས་མང་བོས་སྒྲོག་འགྲེལ་བྱ་འགུལ་དེར་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སྔར་ལས་གོ་བ་ཟབ་མོ་ལོན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་ལས་ཇེ་ཆེར་སོང་། དེའི་ཞོར་དུ་སྒྲོག་འགྲེལ་བྱ་འགུལ་གྱིས་ད་རུང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱ་བའི་བརྩེ་སེམས་དང་འབད་འཐབ་སྙིང་སྟོབས་སྐུལ་སྤེལ་བྱས་ནས། ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད།

ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ཁྲོད་དུ་ཐུན་རིན་གྲོང་ཁྱེར་དར་དམར་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐད་སྒྲ་དེ་གཞི་རིམ་དུ་དྲིལ་བསྒྲགས་བྱས་པར་མ་ཟད། ལག་ལེན་ཁྲོད་ནས་སྒྲོག་འགྲེལ་ཚོགས་པའི་ནུས་པ་མཐོར་འདེགས་བཏང་ཞིང་། མ་འོངས་པར་སྒྲོག་འགྲེལ་ཚོགས་པ་དེས་མུ་མཐུད་དུ་སྲོལ་རྒྱུན་དང་བྱ་སྤྱོད་བཟང་བོ་དར་སྤེལ་བཏང་སྟེ། སྒྲོག་འགྲེལ་གྱི་རྣམ་པ་དང་ནང་དོན་གསར་བསྒྱུར་བྱས་ན། ཏང་གི་གཞུང་ལུགས་དང་སྲིད་ཇུས་དྲིལ་སྒྲོག་བྱེད་པའི་གཡུལ་ས་བརྟན་པོ་དང་གཙོ་ཤུགས་དམག་ལྟ་བུར་འགྱུར་སྲིད། རྗེས་ཕྱོགས་སུ་ཐུན་རིན་གྲོང་ཁྱེར་དར་དམར་སྒྲོག་འགྲེལ་ཚོགས་པས་བརྩེ་བ་སྔར་ལས་ཟབ་མོ་དང་དངོས་གཉེར་གྱི་བྱ་སྤྱོད་ལ་བརྟེན་ནས། མུ་མཐུད་དུ་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་ཐུན་རིན་གྲོང་ཁྱེར་ནས་རྩ་བ་རྒྱས་ཤིང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་ཐུབ་པར་ཡིད་ཆེས་ཡོད། ཐུན་རིན་གྲོང་ཁྱེར་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཤ་བོ་ཀུན་སྐྱིད་ཀྱིས་བཤད་རྒྱུར།

“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ2024ལོའི་ཟླ7ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་དུ་འཚོགས་ལ། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་མངགས་བཅོལ་ལྟར་གསལ་བཤད་གནང་བའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་ལ་ཉན་ཞིང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཡིན་ན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། དེ་མིན་ད་རུང2035ལོར་སླེབས་དུས་ཕྱོགས་ཡོངས་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད། དེར་མ་ཟད། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་བཞག་རླབས་ཆེན་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལམ་ཕྱོགས་གསལ་བོར་བསྟནཡོད། ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་འགན་འཁྲི་ཁུར་དུ་ལེན་པ་དང་། འབྲེལ་ཡོད་དགོངས་དོན་སློབ་སྦྱོང་དང་། ཡང་ཡང་ཞིབ་ཀློག་དང་གོ་བ་གཏིང་ཟབ་ལོན་པར་བྱས་ནས། གྲོས་ཚོགས་ཀྱི་ནང་དོན་དྲིལ་བསྒྲགས་ཡག་པོ་ཞིག་བྱས་ཏེ། ཏང་གི་སློབ་གྲྭའི་དགེ་རྒན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུའི་ཐད་འཆར་གཞི་ལེགས་པོ་ཞིག་བཀོད་ཡོད།”

སྒྲོག་འགྲེལ་དེ་ནི་བསམ་བློའི་ཕྱི་དོར་ཐེངས་ཤིག་ཡིན་པ་དང་། འགུལ་སྐྱོད་ཀྱི་སྐུལ་སློང་ཞིག་ཀྱང་ཡིན། དེ་ལས་རྒྱ་ཆེའི་རིགས་སོ་སོའི་མང་ཚོགས་དག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་པའི་བརྩོན་སེམས་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སྤེལ་བྱས་ཏེ། ཐུན་རིན་གྲོང་ཁྱེར་གྱི་བྱ་གཞག་སོ་སོ་ཡར་ངོས་ཟླ་ལྟར་འཕེལ་བར་སྐུལ་འདེད་བཏང་ཡོད། ཆུ་མ་སྡེ་བའི་སྡེ་མི་རྡོ་རྗེ་བཀྲ་ཤིས་ཀྱིས་བཤད་རྒྱུར།

“ཏང་གི་སློབ་གྲྭའི་དགེ་རྒན་རྣམས་ཡོང་ནས་མང་ཚོགས་ལ་ཁྲིམས་ལུགས་རབ་དང་རིམ་པ་ཁ་གསལ་གོ་བདེའི་ངང་ནས་དྲིལ་བསྒྲགས་བྱས་ན།ནང་དོན་ལ་གོ་བ་མི་ལོན་པའི་མང་ཚོགས་ཀྱིས་ཀྱང་སེམས་ལ་འཛིན་ཐུབ་ཅིང་། གང་ཞིག་ལས་དགོས་པ་དང་གང་ཞིག་ལས་མི་ཉན་པ་སོགས་རེ་རེ་བཞིན་ཤེས་ཐུབ་པས། མང་ཚོགས་དག་ལ་ཕན་པ་ཆེ་བར་འདོད།”

ཐུན་རིན་གྲོང་ཁྱེར་དར་དམར་སྒྲོག་འགྲེལ་ཚོགས་པས་སྤེལ་བའི་སྒྲོག་འགྲེལ་བྱ་འགུལ་རབ་དང་རིམ་པ་དེ་ནི་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་ལེན་དངོས་འབེབས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། བྱ་འགུལ་དེ་འདྲར་བརྟེན་ནས་ཏང་གི་སྐད་སྒྲ་སྔར་ལས་རྒྱང་ཐག་རིང་བའི་གནས་སུ་དྲིལ་སྒྲོག་བྱེད་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ཇེ་ཆེར་གཏོང་བའི་བསམ་པའི་སྟོབས་ཤུགས་སྔར་ལས་ཆེན་པོ་གཅིག་སྡུད་་བྱེད་ཐུབ་ངེས་རེད།


གསར་འགོད་པ། བསོད་ནམས་ཚེ་རིང་། རིག་འཛིན་སྒྲོལ་མ།