ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2025.01.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཟླ1ཚེས21ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ལ་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དོན་གཉིས་ཡོད་ལ། དངོས་སུ་ཞུགས་པའི་ཁོངས་མི་རེ་བརྒྱད་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བཅུ་ཡོད་དེ།

གཅིག སྲིད་གཞུང་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།

གཉིས། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང2025ལོའི་འཆར་གཞིའི་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུར་ཉན་པར་མ་ཟད་གྲོས་འཆམ་འབྱུང་བ།

གསུམ། མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2025ལོའི་འཆར་གཞིའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།

བཞི། ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་མཚོ་སྔོན་ཞིང་ཆེན་གྱི2024ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུར་ཉན་པར་མ་ཟད་གྲོས་འཆམ་འབྱུང་བ།

ལྔ། མཚོ་སྔོན་ཞིང་ཆེན་གྱི2024ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2025ལོའི་སྔོན་རྩིས་ཀྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།

དྲུག འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བསམ་འཆར་གྱི་སྙན་ཞུར་ཉན་པར་མ་ཟད་གྲོས་འཆམ་འབྱུང་བ།

བདུན། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་འཆརཟིན་ལ་གྲོས་འཆམ་འབྱུང་བ།

བརྒྱད། ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གྱི་འོས་མིར་གྲོས་འཆམ་འབྱུང་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།

དགུ གསབ་འདེམ་འོས་མི་དང་འབྲེལ་ཡོད་འོས་མིའི་གནས་ཚུལ་ངོ་སྤྲོད་བྱེད་པ།

བཅུ། གསབ་འདེམ་འོས་མིའི་མིང་ཐོའི་འཆར་ཟིན་དང་འབྲེལ་ཡོད་འོས་མིའི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།

གྲོས་ཚོགས་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་བཅུ་བོར་གྲོས་འཆམ་བྱུང་།

ལྷ་མོ་འཚོས་བསྒྱུར།