ཟླ1ཚེས22ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞིའི་ཚོགས་པས་གྲོས་ཚོགས་ཐེངས་བཞི་པ་བསྡུས། གྲོས་ཚོགས་སུ་ཐོན་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི72ཡོད་པ་དང་། དངོས་སུ་ཐོན་པའི་མི69ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝུའུ་ཞའོ་ཅུན་དང་། ཝང་ལིས་མེན། དབྱང་ཧྥུང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། ཝང་ཅིན་ཀྲའེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་སུ་ཞུགས།
ལོའུ་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་བདུན་ཡོད་དེ།
གཅིག ཚོགས་ཆེན་ལས་འདེམས་བསྐོ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
གཉིས། འབྲེལ་ཡོད་འོས་མིའི་གྲོས་འཆམ་བྱེད་པའི་བྱེད་ཐབས་ཀྱི་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
གསུམ། འཐུས་མི་ཚོགས་པ་སོ་སོས་ཀྲུའུ་ཞིའི་ཚོགས་པས་འོས་མི་དང་འོས་མིའི་མིང་འདོན་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ།
བཞི། འོས་མི་དངོས་དང་འོས་མིའི་མིང་ཐོ་འཆར་ཟིན་ལ་གྲོས་འཆམ་འབྱུང་བ།
ལྔ། འདེམས་ཤོག་ལྟ་ཞིབ་བྱེད་མཁན་གྱི་མིང་ཐོའི་འཆར་ཟིན་ལ་གྲོས་འཆམ་བྱས་ཏེ་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བྱེད་མཁན་གྱི་མིང་འདོན་པ།
དྲུག སྙན་ཞུ་དང་གྲོས་ཆོད་ཀྱི་འཆར་ཟིན་སོ་སོར་གྲོས་འཆམ་འབྱུང་བ།
བདུན།《མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་གྲོས་བསྡུར་སྒྲིག་སྲོལ་ལ་བརྡས་ཐག་གཅོད་པའི་མ་ཡིག》ལ་གྲོས་འཆམ་འབྱུང་བ་བཅས་རེད།
གྲོས་ཚོགས་སྟེང་གོང་གསལ་གྱི་གྲོས་རིམ་བདུན་ལ་རིམ་བཞིན་གྲོས་འཆམ་བྱུང་།
ཤ་བོ་རིན་མཚོས་བསྒྱུར།