ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བའི་སྤྱི་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་བསྡུས།
2025.01.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 46

ཟླ1ཚེས23ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བའི་སྤྱི་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཆེན་མོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་གྱི་མགོ་འཛིན་བྱས།

ཝང་ལིས་མེན་གྱིས་ཚོགས་ཆེན་ལེགས་འགྲུབ་བྱུང་བ་དེ་ཞིང་ཆེན་ཏང་ཨུ་དང་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་མགོ་ཁྲིད་བརྟན་པོར་རག་ལས་ཤིང་། ལྷག་ཏུ་ཚང་མས་དཀའ་སྤྱད་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་ཡིན། གྲོས་ཚོགས་ཀྱི་སྐབས་སུ་བྱ་བའི་ཚན་ཆུང་སོ་སོས་ཆབ་སྲིད་གླེང་ཞིང་སྤྱི་ཡོངས་བསམ་པ་དང་། ཚད་མཐོའི་འགན་ཁུར་གྱི་རྣམ་འགྱུར་དང་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས། ཏན་ཏིག་ཞིབ་ཚགས་ཀྱི་བྱེད་ཕྱོགས། གནད་འཁེལ་ནུས་ལྡན་གྱི་བྱེད་ཐབས་བཅས་ལ་བརྟེན་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཚོགས་ཆེན་གྱི་ལས་དོན་ཁག་སོ་སོ་ལེགས་འགྲུབ་བྱ་བར་ཞབས་འདེགས་དང་འགན་སྲུང་བྱས་པའི་དུས་མཉམ་དུ། ཚོགས་ཆེན་གྱི་དངོས་གཉེར་ནུས་མཐོ་དང་སྲིད་གཙང་སྤྱོད་བཟང་ལ་ཁག་ཐེག་བྱས། དྲུང་ཡིག་ཁྲུའུ་ཡི་ཚན་ཁག་སོ་སོས་བསམ་བཀོད་གཅིག་གི་དགོངས་པ་བརྟན་པོར་འཛུགས་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ་ལས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱས་པའི་བྱ་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས་ནས། མཚོ་སྔོན་གྱི་ལས་བྱེད་ལས་བཟོ་བའི་བསམ་པའི་རྣམ་འགྱུར་ལེགས་པོ་ཡོངས་སུ་མངོན་པར་བྱས་ཡོད་ཅེས་བསྟན།

ཝང་ལིས་མེན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་རྒྱལ་ཁ་བླངས་པ་དེ་མགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ཏེ། ཚོགས་ཆེན་ཁྲོད་བསླབ་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ། བྱེད་ཕྱོགས་བཟང་པོ་ལག་ལེན་དུ་འདེབས་པ་དང་། རྒྱུན་འཁྱོངས་གང་ལེགས་དང་དར་སྤེལ་བཟང་པོ་བྱེད་པ། སྔར་ལས་མཐོ་བའི་འབད་འཐབ་ཀྱི་རྣམ་འགྱུར་དང་སྔར་ལས་ཤུགས་དྲག་པའི་བྱ་བའི་སེམས་ཤུགས་བསྐྱེད་ནས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་ལེགས་པོ་བྱེད་པ་དང་། སྙན་ཞུའི་ཆོད་དོན་ཁག་ལག་བསྟར་བཟང་པོ་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་དམངས་ཆེན་བྱ་བ་ཡང་བསྐྱར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།

ཚོགས་ཐོག་ཏུ་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ཡི་གཟེངས་བསྟོན་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་མི་སྒེར་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། སྡེ་ཁག་བཅུ་དང་ལས་བྱེད་མི་སྣ196ལ་གཟེངས་བསྟོད་ཐོབ།

རིག་འཛིན་སྒྲོལ་མས་བསྒྱུར།