འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས།
2025.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

 ཟླ1ཚེས19ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་གཟབ་རྒྱས་ངང་བསྡུས་པ་དང་། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྲིད་གཞུང་བྱ་བའི་སྙན་ཞུ་ལས་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཡོད་པའི་ལོ་གཅིག་ལ་ཕྱིར་དྲན་བྱས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་པར་སྐུལ་འདེད་བཏང་བའི་ལོ་གལ་ཆེན་ཞིག་ལ་རྒྱང་ལྟ་བྱས་ཡོད། འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ཡིག་འབྲུ་རེ་རེ་ལས་དངོས་གཉེར་འགན་ལེན་གྱི་ཡར་བརྩོན་སྟོབས་ཤུགས་ཚོར་ཐུབ་ཡོད།

སྐྱེ་ཁམས་ཁོར་ཡུག་གི་འགན་ཁུར་བྱེད་ཕྱོགས་ཁྲོད་དུ་སྤུས་འདེགས་ལེགས་སྣོན་དང་། དཔལ་འབྱོར་འཁོར་སྐྱོད་དེ་བྱེད་ཐབས་སྣ་ཚོགས་ཁྲོད་བཟང་ཕྱོགས་སུ་འཕེལ་བ་དང་། ཁྱད་ལྡན་ཐོན་ལས་དེ་ཚུལ་སྒྱུར་རིམ་སྤོར་བྱེད་པའི་ཁྲོད་གཅིག་འདུས་དང་རྒྱ་སྐྱེད་བྱུང་ཞིང་། བཅོས་སྒྱུར་སྒོ་འབྱེད་དེ་བདེན་སྲུང་གསར་གཏོད་ཁྲོད་སྐུལ་འདེད་གཏིང་ཟབ་བཏང་ཡོད་ཅེས་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་ཀྱི་མི་སེམས་སྐུལ་བར་བྱེད་པའི་ཡིག་འབྲུ་རེ་ལས་འདས་ཟིན་པའི་ལོ་གཅིག་རིང་མཚོ་སྔོན་གྱིས་བླངས་པའི་གྲུབ་འབྲས་ལེགས་པོར་ཕྱིར་དྲན་བྱས་ཡོད།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། འདས་པའི་ལོ་གཅིག་རིང་དགའ་འོས་པའི་གྲུབ་འབྲས་བླངས་པའི་རྩ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཙོ་ཁྲིད་གནང་བར་རག་ལས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་ཁྲིད་སྟོན་ལ་རག་ལས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ནན་འཛིན་དངོས་སྒྲུབ་དང་ཡར་བསྐྱེད་འབད་འབུངས་བྱས་པའི་འབྲས་བུ་ཡིན་པར་འདོད།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་རིན་ཆེན་མཚོ་ཡིས་སྙན་ཞུའི་ཁྲོད་དུ་ཞིབ་ཆ་དོད་པོའི་གཞི་གྲངས་འབོར་ཆེན་དྲངས་ཡོད་ལ་ཡིག་འབྲུ་ཁ་གསལ་གོ་བདེ་ཡིན་ཅིང་། དཔེ་མཚོན་གནད་དུ་འཁེལ་ཡོད་པས་རང་ཞིང་གི་འདས་པའི་ལོ་གཅིག་རིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་ཡོད། གཞི་རིམ་ནས་ཡོང་བའི་འཐབ་ཕྱོགས་དང་པོའི་འཐུས་མི་ཞིག་ཡིན་པའི་ཆ་ནས། འདས་པའི་ལོ་གཅིག་རིང་བླངས་པའི་གྲུབ་འབྲས་ལ་དགའ་སྤྲོ་སྐྱེས་ཡོད་ལ། ལོ་གསར་བའི་འཕེལ་རྒྱས་ཐད་ཡིད་ཆེས་ཀྱིས་ཁེངས་ཡོད། མ་འོངས་པའི་མཚོ་སྔོན་གྱི་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོ་ཡོད་ཅེས་བཤད།

རིན་ཆེན་མཚོས་བལྟས་ན། གོ་རིམ་རྗེས་མར་སྙན་ཞུའི་ཁྲོད་བཏོན་པའི་ཕྱོགས་བདུན་ཐད་ཀྱི་ལས་འགན་གལ་ཆེན་དམིགས་སུ་བཟུང་སྟེ། སྐྱེ་ཁམས་དང་སློབ་གསོ། སྨན་བཅོས། དམངས་ཚིས་སོགས་ས་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་གྱི་མགོ་ཡག་པོར་རྩོམ་པ་དང་གོམ་པ་བརྟན་པོར་སྤོས་ཏེ། ཡིད་ཆེས་ཇེ་བརྟན་དང་དངོས་སྒྲུབ་བརྩོན་ལེན་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་དྲོད་ལྡན་བདེ་སྐྱིད་ཀྱི་དམངས་ཚིས་ཀྱི་རྒྱུགས་གཞི་ཡག་པོར་འབྲི་དགོས་འདོད།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་ཀྱི་མགོ་རྩོམ་པའི་ལོ་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། སྲིད་གཞུང་བྱ་བའི་སྙན་ཞུ་ཁྲོད་དུ་ཤུགས་ཆེན་པོས་མཛེས་སྡུག་གི་མཚོ་སྔོན་བསྐྲུན་ནས་སྐྱེ་ཁམས་བྱེད་ནུས་ཀྱི་འགྱུར་ནུས་ཆེན་པོ་མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་དེ་དཔལ་འབྱོར་རྒྱུན་མཐུད་བཟང་ཕྱོགས་སུ་འཕེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་ཐོན་ཁུངས་རྒྱུ་རྐྱེན་གཅིག་སྡུད་བྱས་ཏེ་དགེ་མཚན་ཁྱད་འཕགས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། ཤུགས་ཆེན་པོས་བཅོས་སྒྱུར་གཏིང་ཟབ་དང་སྒོ་འབྱེད་རྒྱ་བསྐྱེད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་དང་གསོན་ཤུགས་སྔར་ལས་སྐུལ་སློང་བྱེད་དགོས། ཤུགས་ཆེན་པོས་ཉེན་ཁ་སེལ་བ་དང་སྔོན་འགོག་བྱས་ཏེ་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་པོར་སྲུང་དགོས། ཤུགས་ཆེན་པོས་མཐུན་སྦྱོར་མཉམ་སྒུལ་ཤུགས་དྲག་ཏུ་བཏང་སྟེ་གྲོང་གསེབ་མཉམ་འདྲེས་ཀྱི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཚོ་བ་ལེགས་པོར་བསྐྲུན་ཏེ་མཐོ་སྒང་གི་དམངས་ཚིས་འགན་སྲུང་བྱ་བའི་མཚོ་སྔོན་གྱི་དཔེ་གཞི་བསྐྲུན་དགོས་ཞེས་བསྟན་ཡོད།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཧྭ་ཞ་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟིའི་ཟི་ལིང་ཡན་ལག་དངུལ་ཁང་གི་མགོ་གཙོ་གཞོན་པ་སུའུ་ལའེ་ཡིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ཡི་ནང་དོན་ཕུན་སུམ་ཚོགས་ཤིང་གཞི་གྲངས་ཞིབ་ཚགས་ཡིན་ལ། ལྷག་པར་ཚན་རིག་གསར་གཏོད་ཀྱི་སྣེ་ཁྲིད་ལ་བརྟེན་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལས་དོན་ཇེ་མགྱོགས་སུ་བཏང་ཞིང་།  ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་ནས་ཡིད་སེམས་སྤྲོ་བས་ཁེངས་ཤིང་ཡར་བསྐྱེད་བསམ་པར་སྐུལ་བ་བསྟན་ཡོད་པས། དངུལ་རྩ་ཁྱབ་ཁོངས་ལ་རྐང་འཛུགས་པ་དང་། དངུལ་རྩའི་ལེའུ་ཆེན་པོ་ལྔ་ཚན་རིག་དང་ལུགས་མཐུན་དོ་སྙོམས་སྒོས་དངུལ་རྩའི་ཐོན་ཁུངས་སྡེབ་སྒྲིག་བྱེད་པར་དམིགས་ཏེ། ཐོན་ལས་སོ་སོའི་འཕེལ་རྒྱས་རྣམ་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། འོས་འཚམ་སྒོས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཐད་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ནུས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་སྒྲིག་ཆས་གསར་སྒྱུར་དང་བཟོ་རྩལ་རིམ་སྤོར། གཞི་གྲངས་ནུས་སྩོལ། དོ་དམ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་མཐོ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དང་། དངུལ་རྩའི་ཚན་རྩལ་གསར་གཏོད་དང་དངུལ་རྩའི་ཡོ་བྱད་གསར་གཏོད་བྱེད་པའི་ཐབས་ལམ་བརྒྱུད་དེ། དངུལ་རྩའི་ཞབས་ཞུའི་སྤུས་ནུས་རྒྱུན་མཐུད་ངང་མཐོ་རུ་བཏང་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་དངུལ་རྩའི་ཐོན་ཁུངས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐང་དགོས་ཟེར།

སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དུ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་པ་དེས། ཞིང་ཆེན་དམངས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐའེ་སྲང་ལམ་སུའུ་ཅ་ཧི་ཝན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཅིས་ཕིན་གྱི་སེམས་ལ་སྤྲོ་སྣང་དང་ངར་ཤུགས་བསླངས་ལ་ཡིད་ཆེས་ལྡབ་འགྱུར་གྱིས་འཕར་བར་བྱས། ཁོས་བཤད་རྒྱུར། གྲོང་གསེར་དར་སྤེལ་འཐབ་ཇུས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འབད་བརྩོན་འོག་ཏུ། རང་ཞིང་གི་རོང་འབྲོག་ལས་རིགས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་སྔར་ལས་དར་རྒྱས་སུ་སོང་སྟེ། རོང་འབྲོག་པའི་དམངས་ཚིས་འཚོ་བ་སྔར་ལས་འོད་སྣང་ཅན་དུ་འགྱུར་བར་ཡིད་ཆེན་བརྟན་པོ་ཡོད་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཧྲི་མིན་ཅིན་ཡོན་ཟས་རིགས་ཚད་ཡོད་ཀུང་ཟིའི་རྐང་འཛིན་མགོ་གཙོ་ཨ་ལན་གྱིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། སྙན་ཞུ་དངོས་འཚོལ་བདེན་གཉེར་ཡིན་དོན་ནི་འདས་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་སྤྱི་བསྡོམས་བྱས་ཏེ་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ཀྱི་ཁ་ཕྱོགས་དང་དམིགས་འབེན་གསལ་སྟོན་བྱས་ཡོད་ལ། ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་གྲུབ་འབྲས་མངོན་གསལ་ཅན་མང་ཞིང་། བྱ་བའི་བྱེད་ཐབས་དོན་དངོས་ཡིན་པས། འཕེལ་རྒྱས་འཆར་འགོད་དང་དམངས་ཚིས་སྤྱི་ཕན། སྤོ་སེམས་ཆེར་བསྐྱེད་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་པར་ཤུགས་འདོན་པ་དང་དཔལ་འབྱོར་རྒྱུན་མཐུད་སྒོས་བཟང་ཕྱོགས་སུ་འཕེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་བཀོད་སྒྲིག་སྣ་ཚོགས་ལག་ལེན་ཁྲོད་དངོས་འབེབས་བྱེད་པ་དང་། སྲིད་གྲོས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་བྱེད་པ། འཛད་སྤྱོད་གསོན་ཤུགས་རྒྱས་པར་ཤུགས་བཏོན་ནས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།

ཞིང་ཆེན་དམངས་ཆེན་གྱི་འཐུས་མི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཏིན་གོ་ཧྲིན་གྱིས་བཤད་རྒྱུར། གཞི་རིམ་ནས་ཡོང་བའི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། ངས་སྙན་ཞུའི་བཀོད་སྒྲིག་ལྟར། མིན་ཡོན་གྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་བརྩོན་ལེན་གྱི་བྱ་བའི་བླང་བྱར་དམ་པོར་དམིགས་ཏེ། མཐའ་གཅིག་ཏུ་གོང་རིམ་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་མཁན་དང་དངོས་སྒྲུབ་མཁན་བཟང་པོ་ཞིག་བྱས་ནས། ཆབ་སྲིད་ཀྱི་ངར་སེམས་དང་ཏན་ཏིག་གི་བྱ་བའི་རྣམ་འགྱུར་བཟུང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་བསྐྲུན་པར་གྲུབ་འབྲས་གསར་པ་ལེན་ཆེད་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་འབད་པར་འབྲི་བར་བྱས་རྗེས་གསར་བ་སྔར་ལས་མང་པོ་འཇོག་འདོད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།