ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཚན་ཆུང་བགོས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས།
2025.01.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ1ཚེས21ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ཨུ་ཡོན་ཚོས་ཚན་ཆུང་བགོས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས། ཡུལ་དངོས་ཀྱི་གྲོས་སྡུར་སྣང་ཚུལ་ཧ་ཅང་བཟང་བ་དང་། ཨུ་ཡོན་ཚོས་ལང་ལོང་གིས་གཏམ་བཤད་དེ་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་དང་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས།

ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། རྩ་ཁྲིམས་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱས་ལ། བདེ་འཇགས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་པ་དང་། ཁྲིམས་ལྟར་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཤིང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་ལག་བསྟར་ཟབ་མོ་བྱས་ལ། རང་རྟོགས་སྒོས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱས་པས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་དང་ལེན་བྱས་པ་དང་། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་ཞིབ། གྲོས་སྡུར་སྙན་ཞུ་དང་རྟོག་ཞིབ་བཞུགས་མོལ་བཅས་ཀྱིས་བཏོན་པའི་གྲོས་གཞི་ལ་ལྟ་སྟངས་ནན་མོ་བཟུང་བ་ནས། འཐུས་མི་དང་ཨུ་ཡོན་གྱི་གྲོས་གཞི་དེ་འགན་སྒྲུབ་ཀྱི་ནུས་ཕྱོད་གསར་བར་བསྒྱུར། ཨུ་ཡོན་ཚོས། ཞིང་ཆེན་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཡིས་གྲུབ་འབྲས་སྤྱི་སྡོམ་བྱེད་པའི་ཐད་ནས་དངོས་ཐོག་བདེན་འཚོལ་བྱས་པ་དང་། བྱ་བར་ཀོད་སྒྲིག་ཧ་ཅང་གསལ་བོ་བྱས་ལ། སྤྱི་ཚོགས་ཀྱི་གཙོ་གནད་གཙིགས་སུ་བཟུང་བ་དང་། མང་ཚོགས་ཀྱི་རེ་སྒུག་ལ་ཕྱིར་ལན་བཏབ་ཟེར།

2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་ལོ་གལ་ཆེན་ཡང་ཡིན། ཨུ་ཡོན་ཚོས་ལང་ལོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་དོན་གལ་ཆེན་དང་ཞིང་ཆེན་གྱི་དོན་དག་གལ་ཆེན། མི་དམངས་ཀྱི་སེམས་ཁུར་བྱེད་སར་དམ་དུ་དམིགས་ནས། སྲིད་གྲོས་བྱ་བའི་ཁྲོད་ཀྱི་གཙོ་གཞི་ནུས་པ་དང་མང་ཚོགས་ཁྲོད་ཀྱི་སྣེ་ཁྲིད་ནུས་པ། ལས་རྐང་བྱ་བའི་ཁྲོད་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་བཏོན་པའི་བཀོད་སྒྲིག་ལ་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་གཙོ་གནད་ལ་དམིགས་ནས། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། བརྗོད་གཞི་བཟང་བོར་འདེམ་པ་དང་བརྟག་བཤེར་ཞིབ་འཇུག་ཟབ་མོ་བྱེད་པ། བློ་འདུན་ཇུས་འབུལ་བྱེད་པ། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་བ་དང་གྲུབ་འབྲས་གསར་བ་མངོན་པར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།