ཟླ3པའི་ཚེས4ཉིན་པར་སྐྲུན་བྱས་པའི《མི་དམངས་ཉིན་རེའི་ཚགས་པར》སྟེང་དུ་ཁ་ཡིག་ལ《ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གཅིག་སྡུད་དང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་མགོ་རྩོམ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ》ཞེས་པའི་དཔྱད་བརྗོད་རྩོམ་ཡིག་ཅིག་སྤེལ།
དཔྱད་བརྗོད་རྩོམ་ཡིག་ལས། སེམས་ཤུགས་སྔར་ལས་གཅིག་སྒྲིལ་བྱས་ཏེ། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱུ་ནི། མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་དང་ཕྲག་ཏུ་བབས་པའི་འགན་འཁྲི་ཡིན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་བ་ཡིན་ན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་མི་སེམས་རྒྱ་ཁྱབ་ཏུ་གཅིག་སྡུད་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྡུད་བཅས་བྱེད་ཐུབ་ངེས་ཡིན་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།