རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚེས་གསུམ་ཉིན་པེ་ཅིང་དུ་ཐོན།
2025.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་སྒུག་དང་མངགས་བཅོལ་དང་། སྲིད་གླེང་སྲིད་ཞུགས་ཀྱི་སྤྲོ་སེམས་དང་ཁག་ཁུར་སེམས་ལ་བཅངས་ནས། ཟླ3པའི་ཚེས3ཉིན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་པེ་ཅིང་དུ་འབྱོར་ནས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་རྒྱུ་རེད།

ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་བསྡུ་བའི་ལ་ཡིན་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་སྒྲིག་བཟོ་བྱེད་པའི་ལོ་ཡང་ཡིན་པས། ཚོགས་ཆེན་བཟང་བོར་བསྡུ་ཆེད། ཨུ་ཡོན་ཚོ་མཚོ་སྔོན་གྱི་ས་ཆ་སོ་སོར་སོང་ནས། ལས་རིགས་སོ་སོའི་མང་ཚོགས་དང་བརྗེ་རེས་ཟབ་མོ་བྱས་པ་དང་། ཕྱོགས་སོ་སོའི་གྲོས་གཞི་བསམ་ཚུལ་ལ་ཉན་ལ། སེམས་ཞིབ་མོས་གྲོས་གཞི་གྲ་སྒྲིག་བྱས་ཏེ། འཛུགས་སྐྲུན་རང་བཞིན་ལྡན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཚོགས་ཆེན་སྟེང་ཁྱེར་རྒྱུ་བརྩོན་ལེན་བྱས།

ད་ལོར། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་སྔར་བཞིན་དུ་དོ་ཁུར་གྱི་མིག་མདའ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་འཕངས། ཁོ་མོས་བཤད་རྒྱུར། ད་ལོར་ངས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་ཁྱེར་བའི་གྲོས་གཞི་ནི། ལོ་མང་པོར་རྒྱུན་མཐུད་ངང་སེམས་ཁུར་དང་ཞིབ་འཇུག་ཟབ་མོ་བྱེད་པ་ལས་བྱུང་བ་ཡིན་པས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད་ཟེར།

པེ་ཅིང་དུ་འགྲོ་བའི་ལམ་བར་དུ། ཨུ་ཡོན་ཚོས་ཕན་ཚུན་བར་དོ་ཁུར་བྱེད་པའི་བརྗོད་གཞི་ཐད་ནས་བརྗེ་རེས་བྱས་པ་དང་། ཚོགས་ཆེན་གཉིས་ཐད་ཀྱི་རེ་སྒུག་གླེང་། བཅའ་སྡོད་ས་ཆར་ཐོན་རྗེས། ཨུ་ཡོན་ཚོ་མྱུར་དུ་གྲ་སྒྲིག་བྱ་བའི་ཁྲོད་ཞུགས། ཚང་མས་བསྟན་དོན། ཆབ་སྲིད་ཀྱི་བརྩེ་སེམས་ཟབ་མོ་དང་འགན་འཁྲི་ཁག་ཁུར་ཆེན་པོས་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གཙོར་འཛིན་པ། དུས་རབས་གསར་བར་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་དམིགས་ནས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། ཐོན་ལས་རིམ་སྤོར་སོགས་ཕྱོགས་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་ཆེད། བློ་འདོན་ཇུས་འབུལ་བྱེད་པ་དང་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་ཡིད་ཚིམ་པའི་འགན་སྒྲུབ་ཀྱི་རྒྱུགས་ལན་བཟང་བོ་ཞིག་སྤྲད་དེ། རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་ཆེད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

པེ་ཅིང་དུ་མ་སོང་གོང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དག་ཟི་ལིང་ནས་བཞུགས་མོལ་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།