ལིས་ཆང་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2025.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས6ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས།  ཁོང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཧི་པེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། དཔལ་འབྱོར་གྱི་ཞིང་ཆེན་སྟོབས་ལྡན་དང་མཛེས་སྡུག་ལྡན་པའི་ཧི་པེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། ཧི་པེ་ཡིས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཁྲོད་གོ་སྐབས་གསར་པ་དམ་འཛིན་དང་། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཁྲོད་སྒུལ་ཤུགས་གསར་པ་སྟོབས་ལྡན་དུ་གཏོང་བ། ལྗང་མདོག་འགོག་སྲུང་འཛུགས་སྐྲུན་ཁྲོད་དགེ་མཚན་གསར་པ་སྐྲུན་པ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།


བན་དེ་སྐྱབས་ཀྱིས་བསྒྱུར།