ཏེན་ཞུའེ་ཞང་གིས་ཞང་ཀང་དང་ཨའོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མཉམ་དུ་གྲོས་སྡུར་བྱས།
2025.03.07 ཁུངས། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས་དྲུག་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཞང་ཀང་དང་ཨའོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས། ཨུ་ཡོན་ཚོའི་གཏམ་བཤད་ལ་ཉན་རྗེས། ཏིང་ཞུའེ་ཞང་གིས་བསྟན་དོན། འདས་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་ནས་གོམ་སྟབས་གསར་བ་བརྟན་པོ་བསྒྱུར། ཀྲུང་དབྱང་གི་རྒྱབ་སྐྱོར་ཆེན་པོ་འོག་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་འོག ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱས་པ་དང་རྣམ་པ་གསར་བ་མངོན། ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ང་ཚོས་དུས་རབས་གསར་བའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་གི་ལག་ལེན་གྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགོག་ར་བརྟན་པོ་འཛུགས་པ་དང་སྲུང་སྐྱོང་བྱེད་པ། ཞང་ཀང་དང་ཨོ་མིན་གྱི་ཁྱད་འཕགས་གོ་གནས་དང་དགེ་མཚན་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཞང་ཀང་དང་ཨའོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། རེ་བ་ཡིན་ན་ཨུ་ཡོན་ཚོས་མུ་མཐུད་དུ་འབད་འཐབ་བྱས་ནས། ཞང་ཀང་དང་ཨོ་མིན་དར་རྒྱས་གོང་འཕེལ་གཏོང་བའི་ལེའུ་གསར་བ་མཉམ་དུ་འབྲི་དགོས།

རིན་ཆེན་མཚོས་བསྒྱུར།