ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཚེས7ཉིན་གྱི་སྔ་དྲོར་སོ་སོར་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨའོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ནན་གྱིས་ཉན་རྗེས། ཏེན་ཞུའེ་ཞང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱ་འགུལ་ལ་ཞུགས་པར་མ་ཟད་དམིགས་བསལ་ཁུལ་ལ་གཟིགས་ཞིབ་མཛད་དེ། ཞང་ཀང་དང་ཨའོ་མིན་གྱི་མ་འོངས་པའི་འཕེལ་རྒྱས་ལ་མཛུབ་སྟོན་བྱས་ནས་ཁ་ཕྱོགས་གསལ་སྟོན་མཛད་པས། ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་མིག་རྒྱང་ཤིན་ཏུ་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དུས་རབས་གསར་བའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གྱི་ལས་འགན་གལ་ཆེན་ཕྲག་ཏུ་ཁུར་ནས། བློ་རྩ་བརྟན་པོས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ནུས་པ་གཅིག་སྡུད་སྒོས་དཔལ་འབྱོར་གོང་འཕེལ་དང་འཕེལ་རྒྱས་འཆར་འགོད། འཛུགས་སྐྲུན་ལེགས་འགྲུབ་བཅས་བྱེད་པ། ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩ་དང་ཆུ་ཐོག་སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཀྱི་གོ་གནས་སྲ་བརྟན་བཏང་སྟེ། ཨའོ་མོན་དཔལ་འབྱོར་གྱི་ཚད་ལྡན་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏེན་ཞུའེ་ཞང་གིས་འཐུས་མི་སོ་སོས་ནུས་ཤུགས་ཡོད་རྒུས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་ལེན་དུ་བསྟར་བར་རྒྱབ་སྐྱོར་བྱས་ནས། མཉམ་དུ་ཞང་ཀང་དང་ཨའོ་མིན་གྱི་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་བ་བཏོད་དགོས་པའི་རེ་བ་བཏོན།
ལྷ་མོ་འཚོས་བསྒྱུར།