ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་གྲོས་ཀྱི་གྲོས་ཚོགས་ལ་ཞུགས་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་སྐུལ། སློབ་གསོ་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས། ལའོ་ཏུང་ཁྲོན་དང་། ལིའུ་ཆི་ཧྥན། ཀྲང་ཅིན་ཀང་བཅས་ཀྱིས་གཏམ་བཤད་པ་དང་། ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིས་ཆིན་ཡུན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་འཐུས་མིའི་བསམ་འཆར་གྲོས་གཞི་ལ་ཉན་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་འདུར་ཉན་ནས་དྲིས་ལན་བཏབ།
འཐུས་མི་ལའོ་ཏུང་ཁྲོན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། བྱ་བར་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་ཡིན་ཞིང་། ཕྱོགས་ཡོངས་དངོས་ཡོད་དང་མཐུན་པ་ཞིག་ཡིན་པ་དང་། བྱ་བ་བཀོད་སྒྲིག་བྱས་པའི་གཙོ་གནད་འབུར་དུ་ཐོན་ཞིང་ལས་འགན་གསལ་བོ་གཏན་འཁེལ་བྱས་ཡོད་པས། བསམ་བློའི་དར་ཆ་མཐོ་རུ་སྒྲེང་བ་དང་ལམ་ལུགས་ཀྱི་དགེ་མཚན་མངོན་པ། དམངས་ཆེན་གྱི་ཁྱད་ཆོས་མངོན་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་ཀྱིས་ཁེངས་པ། མི་དམངས་ལ་བཅངས་པའི་བརྩེ་སེམས་མཚོན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ཕྱིར། ཧ་ཅང་འཐད་པ་ཡིན། འདས་པའི་ལོ་ངོ་གཅིག་གི་རིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་བྱ་བའི་ཁ་ཕྱོགས་ཆེན་མོ་དང་རྩ་དོན་ཆེན་མོ། གནས་ལུགས་ཆེན་མོ་བཅས་བརྟན་སྲུང་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ངེས་གནས་དང་ལས་འགན་དམ་འཛིན་ནན་མོ་བྱས་ལ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་ཇེ་དྲག་ཏུ་བཏང་ཞིང་། རྩ་ཁྲིམས་ཀྱི་དབང་ཟིལ་དང་རང་བཀུར་ལ་སྔར་ལས་སྲུང་སྐྱོབ་བྱས་པ་དང་། ཚན་རིག་གི་དམངས་གཙོ་དང་ཁྲིམས་མཐུན་ཁྲིམས་འཛུགས་ལ་སྔར་ལས་སྐུལ་འདེད་གཏིང་ཟབ་བཏང་ལ། ལྟ་སྐུལ་གྱི་ངོ་བོ་དང་ཕན་འབྲས་ལ་སྔར་ལས་ཤུགས་བསྣན་ནས། འཐུས་མིའི་འགན་སྒྲུབ་ཞབས་ཞུའི་འགན་སྲུང་མ་ལག་སྔར་ལས་འཐུས་ཚང་བཙུགས་པས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་བླངས། མཚོ་སྔོན་གྱི་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བའི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། རྩ་ཁྲིམས་ཁྲིམས་ལུགས་ལྟར་འགན་སྒྲུབ་ཁག་ཁུར་ནན་མོ་བྱེད་པ། ཁྲིམས་ལྟར་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་ལ། ནུས་ཤུགས་ཡོད་རྒུས་འཐུས་མིའི་གྲོས་གཞི་ཡག་པོར་བསྒྲུབ་པ་དང་། ཚད་ལྡན་དྲང་གཞག་དང་དཔལ་ཡོན་ལྡན་པའི་སྒོ་ནས་ཁྲིམས་བསྟར་ནན་མོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་དགོས་ཟེར།
འཐུས་མི་ལིའུ་ཆི་ཧྥན་གྱིས་བཤད་རྒྱུར།། ཨུ་ཡོན་ཀྲང་ཀྲའོ་ལི་ཅིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་བྱ་བ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་བྱ་བ་བཀོད་སྒྲིག་བྱས་པའི་བསམ་ཕྱོགས་གསལ་བས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་པ་གང་ལེགས་སྒོས་མངོན་ཕྱིར། དར་ཆ་མཐོར་སྒྲེང་དང་ལྟེ་བར་སྲུང་སྐྱོང་། བདེན་འཚོལ་དངོས་གཉེར། མི་དམངས་ཀྱི་འདོད་བློ་མཚོན་པ་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་མཚོན་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་ཡིན་ལ། ང་ཧ་ཅང་འཐད་པ་ཡིན་ཟེར། དམངས་ཆེན་གྱི་བྱེད་ནུས་ལེགས་པོར་འདོན་པར་གཞིགས་ནས་གྲོས་གཞི་གསུམ་བཏོན་པ་སྟེ། གཅིག་ནི་རྩ་ཁྲིམས་ཁྲིམས་ལུགས་ཀྱི་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་ལམ་ལུགས་དངོས་འབེབས་བྱེད་ལ། རྩ་ཁྲིམས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། སྤྱི་ཚོགས་ཡོངས་ཀྱི་རྩ་ཁྲིམས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གཉིས་ནི་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བྱ་བ་མགྱོགས་མྱུར་ངང་བསྒྲུབ་དགོས། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་ཆེ་ལ་སྲུང་སྐྱོབ་ཁུལ་ཁོངས་ཡངས་པས། ཁྲིམས་འཛུགས་བྱས་ནས་མཛུབ་སྟོན་བྱེད་དགོས། གསུམ་ནི་ལྟ་སྐུལ་བྱ་བའི་དངོས་འབྲས་ལ་ཤུགས་སྣོན་དགོས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་གཙོ་བོ་དང་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་དཀའ་གནད་ལ་དམིགས་ནས། ལྟ་སྐུལ་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་དངོས་འབྲས་ལ་ཤུགས་སྣོན་པ། ཁྲིམས་མཐུན་སྲིད་འཛིན་དང་ཁྲིམས་མཐུན་ལྟ་ཞིབ། ཁྲིམས་འཛིན་དྲང་གཞག་བཅས་ལ་སྐུལ་འདེད་གཏོང་དགོས།
འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱབ་ཡོད་ལ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་རྒྱུན་འཁྱོངས་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བྱེད་ནུས་འདོན་པར་དམ་པོར་གཞིགས་ཏེ། ལངས་ཕྱོགས་གསལ་བོས་ཆབ་སྲིད་འཆད་པ་དང་། བྱ་བ་གལ་ཆེན་དང་གཙོ་བོ་ཁག་ཁུར་བྱེད་ཕོད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། ལས་ཁུངས་བཞི་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། བརྗོད་དོན་གསལ་ལ་ལས་འགན་གཙོ་བོ་གཏན་འཁེལ་གསལ་བོ་བྱས་པ་དང་། རྩོམ་སྲོལ་ཡག་ལ་བསམ་ཕྱོགས་གསལ་བས། ཏང་གི་སྐད་ཆ་དང་ཁྲིམས་ཀྱི་སྐད་ཆ་འཆད་པ་དང་། དམངས་ཀྱི་སེམས་གཏམ་ཡག་པོར་བཤད་དེ། ཏང་གི་མགོ་ཁྲིད་འོག་གི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆའི་ལས་ཁུངས་ཀྱི་ཆབ་སྲིད་ཁག་ཁུར་དང་ལས་འགན་ཁག་ཁུར། ཁྲིམས་སྐྱོང་ཁག་ཁུར་བཅས་གང་ལེགས་སྒོས་མངོན་ཞིང་། ཁྲིམས་ཡག་པོ་འཛུགས་པ་དང་བཅོས་སྐྱོང་འགན་ལེན་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྒྱུགས་འབྲས་ཡག་པོ་ཞིག་སྤྲད་ཡོད་ཟེར།
འཐུས་མི་ཀྲང་ཅིན་ཀང་གིས་བཤད་རྒྱུར། ཨུ་ཡོན་ཀྲང་ཀྲའོ་ལི་ཅིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་བརྗོད་དོན་གསལ་ལ། བདེན་འཚོལ་དངོས་གཉེར་དང་དམིགས་འབེན་གསལ་བོ་ཡིན་པས། ཆབ་སྲིད་འཆད་པ་དང་ཁྲིམས་སྐྱོང་གཙོ་བོར་འཛིན་པ། དངོས་འབྲས་བརྩོན་ལེན་བྱེད་པ་བཅས་ཀྱི་སྙན་ཞུ་བཟང་པོ་ཞིག་རེད། ལོ་ངོ་གཅིག་གི་རིང་ལ། རྒྱལ་ཡོངས་དངམས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དམ་འཛིན་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཏུ་བྱ་བ་ཡོད་ཚད་ཁྲིམས་ལྟར་སྐུལ་འདེད་བཏང་ལ། བྱེ་བྲག་གི་ཕན་ནུས་ལྡན་པའི་བྱ་བ་རེ་རེར་བརྟེན་ནས། བློ་རྩ་བརྟན་པོས་རྩ་ཁྲིམས་ཀྱི་དབང་ཟིལ་དང་ཟིལ་ཤུགས་ལ་སྲུང་སྐྱོང་བྱས་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོབ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ལ། རྩ་ཁྲིམས་དང་ཁྲིམས་ལུགས་ཕྱོགས་ཡོངས་ནས་ནུས་ལྡན་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་པའི་ལག་བསྟར་རང་བཞིན་མངོན་ཡོད་པས། ང་ཧ་ཅང་འཐད་པ་ཡིན་ཟེར།
འཐུས་མི་ལིའུ་གོ་ཆཱང་དང་། ཏིས་ཆིན་ཡུན། ལིས་གོ ཞུའེ་ཆིན་མེན། གོ་ཅིན་ཕིན་བཅས་ཀྱིས་གཏམ་བཤད།
ལྷ་མོ་འཚོས་བསྒྱུར།