ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན་པར་མ་ཟད་གྲོས་ཞིབ་ཀྱང་བྱས།
ཞི་ཅིན་ཕིང་དང་ལིས་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཚོགས་འདུར་ཞུགས།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྟེ། དམངས་ཆེན་ལམ་ལུགས་ཀྱི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་དང་མངོན་གསལ་དོད་པའི་ལེགས་ཆ། རྩ་ཆེའི་ཉམས་མྱོང་། ལག་ལེན་གྱི་བླང་བྱ་བཅས་ལ་རྒྱས་བཤད་གཏིང་ཟབ་གནང་ནས། དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་གང་ལེགས། འཁོར་སྐྱོད་ཡག་པོ་བཅས་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས།
ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།
ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་བསྟན་དོན། ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཀྱི་གཅིག་གྱུར་དམ་ཟབ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། ཁག་ཁུར་ཆེན་པོས་འགན་གཙང་ལེན་བཅས་བྱས་པར་བརྟེན། ལས་དོན་ཁག་ལ་འཕེལ་རྒྱས་དང་ཕན་འབྲས་གསར་པ་ཐོབ་ཡོད། གཅིག་ནི་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་བསྣན་ནས། རྩ་ཁྲིམས་ཀྱི་དབང་གྲགས་དང་རྩིས་ཐང་སྲུང་སྐྱོབ་བྱས་ཡོད། རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་པ་དང་། ལྟ་སྐུལ་བཅའ་ཁྲིམས་དང་ལྟ་ཞིབ་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པ། འཐུས་མིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱེད་པ་དང་འབྲེལ་ནས་ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གྲོས་ཐག་བཅད་ཡོད། རྩ་ཁྲིམས་དང་མཐུན་པའི་རང་བཞིན་ལ་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་བཏང་བ་དང་། རྩ་ཁྲིམས་ཀྱི་གཞུང་ལུགས་ཞིབ་འཇུག་དང་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དམངས་ཆེན་ལ་སྤྲད་པའི་བསྐོ་འཐེན་དབང་ཆ་ལག་བསྟར་བྱས་ཡོད། གཉིས་ནི་ཁྲིམས་འཛུགས་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། འདས་ཟིན་པའི་ལོ་གཅིག་གི་རིང་ལ། ཁྱོན་བསྡོམས་བཅའ་ཁྲིམས་ཀྱི་གྲོས་གཞི39ལ་གྲོས་ཞིབ་བྱས་པ་དང་། དེའི་ནང་གི་གྲོས་གཞི24ལ་གྲོས་འཆམ་བྱུང་བ་དེའི་ནང་བཅའ་ཁྲིམས་6གཏན་འབེབས་བྱས་པ་དང་བཅའ་ཁྲིམས14ལ་བཟོ་བཅོས་བརྒྱབ་ཡོད་ཅིང་། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་སྐོར་གྱི་ཆོད་དོན་བཞི་བཅས་ཚུད་ཡོད། གསུམ་ནི་ཁྲིམས་ལྟར་ལྟ་སྐུལ་གྱི་འགན་དབང་ལག་བསྟར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་དམངས་ཆེན་གྱི་ལྟ་སྐུལ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། ཁྱོན་བསྡོམས་པས“སྲིད་གཞུང་གཅིག་དང་ཨུ་ཡོན་ལྷན་ཁང་གཅིག ཁྲིམས་ཁང་གཉིས་བཅས”ཀྱི་སྙན་ཞུ21ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས5ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ལ། རྩ་འཛུགས་བྱས་ཏེ་ཆེད་དོན་འདྲི་རྩད་ཐེངས2བྱས་པ་དང་ཆེད་དོན་རྟོག་ཞིབ་ཐེངས9ལ་བྱས་ཡོད་ཅིང་། གྲོས་ཆོད2བཏོན་ཡོད། བཞི་ནི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། འཐུས་མིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། འཐུས་མིའི་གྲོས་གཞི་དང་གྲོས་འགོའི་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་བར་གྱི་འབྲེལ་བ་དམ་ཟབ་དང་། འཐུས་མི་དང་དམངས་ཆེན་བར་གྱི་འབྲེལ་བ་དམ་ཟབ་བྱས་ཏེ། འཐུས་མིའི་ཞབས་ཞུ་འགན་སྲུང་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལྔ་ནི་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་ཧུར་ཐག་དང་ནུས་ལྡན་ངང་སྤེལ་ནས། རང་འགུལ་ངང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། དྲུག་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་བསྟན་དོན། ང་ཚོས་བྱ་བའི་ཁྲོད་ད་དུང་ཧེ་བག་དང་མི་འདང་ས་ཁ་ཤས་ཡོད་པ་གསལ་པོར་ཤེས་ཡོད། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། ཁེངས་སྐྱུང་སྒོས་འཐུས་མི་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་འགོར་ཉན་ནས། བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་ཡིན།
ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་བསྟན་དོན། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡོངས་འགྲུབ་བྱེད་པའི་ལོ་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་མ་ནོར་བ་ལེན་དགོས།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། བརྟན་བརླིང་གི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱས་ནས། དམངས་ཆེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
ཀྲའོ་ལི་ཅི་ཡིས་སྙན་ཞུའི་ནང་མ་འོངས་པའི་ལོ་གཅིག་གི་ལས་འགན་བཀོད་སྒྲིག་བྱས་ཏེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྲིམས་འཛུགས་ལས་དོན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ལ་དམ་པོར་དམིགས་ནས་ལྟ་སྐུལ་ལས་དོན་ཡག་པོ་གཉེར་རྒྱུ་དང་། དམངས་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་ལ་ཤུགས་སྣོན་པ་དང་། “ལས་ཁུངས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས་ཞེས་གསུངས།
ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་ནང་བསྟན་དོན། 2024ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཁྱོན་བསྡོམས་གྱོད་གཞི34898བསྡུ་ལེན་བྱས་པ་དང་གྱོད་གཞི32539ཐག་བཅད་ཡོད་ཅིང་། དེ་ནི་དུས་མཚུངས་ལས་སོ་སོར65.5%དང 82.2%འཕར་ཡོད། རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་གིས་གྱོད་གཞི་བྱེ་བ་བཞི་དང་ས་ཡ་དྲུག་ཁྲི་གཅིག་སྟོང་བརྒྱད་བསྡུ་ལེན་བྱས་པ་དང་། གྱོད་གཞི་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་བཞི་ཁྲི་གཅིག་སྟོང་དགུ་དངོས་སུ་ཐག་བཅད།
ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ཕུལ།
ཀྲང་ཅུན་གྱིས་སྙན་ཞུའི་ནང་ཕྱོགས་ལྔའི་ཐད་ནས2024ལོའི་བྱ་བར་ཕྱིར་དྲན་བྱས་ཡོད་དེ། གཅིག་ནི་ཁྲིམས་འཛིན་ནན་མོ་དང་དྲང་གཞག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱས་ཡོད། གཉིས་ནི་ཁྲིམས་འཛིན་ཞབས་ཞུའི་གཟབ་ནན་དྲང་གཞག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་བཏང་ཡོད། གསུམ་ནི་ཁྲིམས་འཛིན་ནན་མོ་དང་དྲང་གཞག་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་བྱས་ཡོད། བཞི་ནི་བཅོས་སྒྱུར་དམ་འཛིན་དང་དོ་དམ་ལ་སྐུལ་འདེད་བཏང་སྟེ། དཔུང་སྡེ་སྔར་ལས་སྟོབས་ལྡན་དུ་བཏང་ནས། ཁྲིམས་འཛིན་ནན་མོ་དང་དྲང་གཞག་ཡོང་བར་འགན་སྲུང་བྱས་ཡོད། ལྔ་ནི་རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱས་ཡོད།
ཀྲང་ཅུན་གྱིས་སྙན་ཞུའི་ནང་བསྟན་དོན། 2025ལོར་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་འདི་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་རྒྱུ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མགོ་ཡག་པོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འཛུགས་ཆེད་ཁྲིམས་འཛིན་ཞབས་ཞུ་ནུས་ལྡན་འདོན་སྤྲོད་བྱེད་དགོས། བརྟན་བརླིང་གི་ཁྲོད་ནས་ཡར་རྒྱས་བརྩོན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་བསྒྲུབ་པར་དམ་པོར་ནན་མོ་བྱེད་རྒྱུ་དང་། བདེན་སྲུང་གསར་གཏོད་བྱས་ཏེ་དྲང་གཞག་གི་ཁྲིམས་འཛིན་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་དགོས། དོ་དམ་ནན་མོ་དང་གཅེས་སེམས་ཟབ་མོ་བཅངས་ནས། ལྷག་བསམ་གཙང་ཞིང་འགན་འཁུར་བའི་དུས་རབས་གསར་པའི་ཁྲིམས་ཁང་གི་དམག་བཀན་མོ་བསྐྲུན་དགོས། ཡིད་ཆེས་བརྟན་གཏོང་དང་བྱ་བ་སྒྲུབ་པ་གཙོ་བོར་བཟུང་སྟེ། འདྲི་གཅོད་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་འབུལ་དགོས།
ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་གིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་བསྟན་དོན། 2024ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག་ཏུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་དོན་གཉེར་བྱེད་པ། ཁྲིམས་སྐྱོང་ལ་འགན་འཁུར་བ་བཅས་ཀྱི་བསམ་ཕྱོགས་ལ་བརྟེན་ནས། ཞིབ་དཔྱོད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་སྣ་ཚོགས་ས་ཡ་བཞི་དང་འབུམ་བཞི་སྟོང་དགུ་དྲུག་བརྒྱ་བསྒྲུབས་པའི་ནང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི8980བསྒྲུབས་ཡོད།
ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཕུལ།
དབྱིན་ཡུང་གིས་སྙན་ཞུའི་ནང2024ལོའི་ལས་དོན་ལ་ཕྱིར་མིག་འཕངས་ཡོད་ཅིང་། གཅིག་ནི་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པར་ཤུགས་བསྣན་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། གཉིས་ནི་ཞིབ་དཔྱོད་འགན་ནུས་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཡོད། གསུམ་ནི་མི་དམངས་ཀྱི་ཆེད་དུ་ཞིབ་དཔྱོད་ནན་མོ་བྱས་ནས་དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་བྱས་ཡོད། བཞི་ནི་ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་བསྣན་ནས་ཁྲིམས་འཛིན་དྲང་གཞག་ཡོང་བར་སྲུང་སྐྱོབ་བྱས་ཡོད། ལྔ་ནི་རང་རྟོགས་ངང་ལྟ་སྐུལ་དང་ལེན་བྱས་ནས་ཞིབ་དཔྱོད་དབང་ཆ་ཁྲིམས་ལྟར་དྲང་གཞག་ཡིན་པ་དང་ཕན་ནུས་ཆེ་ཞིང་སྤྱོད་གཙང་ཡོང་བར་ཁག་ཐེག་བྱས་ཡོད། དྲུག་ནི་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ལྷག་བསམ་གཙང་ཞིང་འགན་འཁུར་བའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱས་ཡོད།
དབྱིན་ཡུང་གིས་སྙན་ཞུའི་ནང་བསྟན་དོན། 2025ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་མཉམ་འདྲེས་གང་ལེགས་བྱས་ནས། ཁྲིམས་ལྟར་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབ་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཞིབ་དཔྱོད་ལས་དོན་རྒྱུན་མཐུད་ངང་བསྒྲུབ་པ། བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཞིབ་དཔྱོད་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་། རྒྱུན་འཁྱོངས་ངང་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་གང་ཐུབ་བྱེད་དགོས།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི2929ཡོད་པ་དང་། དངོས་སུ་ཚོགས་འདུར་དངཞུགས་མཁན2869ཡོད་ཅིང་། མི60ཚོགས་འདུར་ཞུགས་མེད་ལ། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཟླ3པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལིས་ཧུང་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་འདུར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཧུང་ཀྲུང་གིས་མགོ་འཛིན་བྱས།
དེ་རིང་ནི་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་རེད། ཚོགས་ཐོག་ནས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་བྱེད་མི་སྣ་བཅས་དང་། རྒྱལ་ཡོངས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་གྱི་བུད་མེད་སྤུན་ཟླ་དང་ཕྱི་རྒྱལ་གྱི་ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་དང་། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཧྥུན་གོ་དང་ཝང་ཅུན་ཀྲིན། ཝང་ཅུའུ། ཡུས་ཧུང་། ལིའུ་ཉིང་། ཞུས་ཆིན། ལིས་དབྱི་ཧྥེ། དབྱང་ཀྲིན་ཝུའུ། ཧྲིན་ཞའོ་མེན། ཁྲིན་ཀང་། ཀྲིན་ཅན་མེན། ཧའོ་ཕིན། ཧུའུ་ཁྲང་ཧྲིན། ཀྲུང་ཧྲན། ཞིན་ཁྲང་ཞིན། ཞིན་ཁྲུན་དབྱིན། ལོའུ་ཆིན་ཅན། ཞུས་ལིན། ཐང་ཏིན་ཅེ། ལུའུ་ཞིན་ཧྲུ། ལིའང་ཡན་ཧྲུན། ཡུས་ཡུན་ལིན་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་སྟེགས་སུ་བསྡད་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།