སྤེལ་དུས།2017.12.11 ཡོང་ཁུངས།
118
0

བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།

༄༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལོ་རྒྱུས་མདོར་བསྡུས།

ཞི་ཅིན་ཕིང་། ཕོ། རྒྱ་རིགས། 1953ལོའི་ཟླ་དྲུག་པར་སྐྱེས་པ་དང་། ཧྲན་ཞི་ཧྥུའུ་ཕེན་གྱི་མི་ཡིན། 1969ལོའི་ཟླ་དང་པོར་བྱ་བར་ཞུགས་པ་དང་། 1974ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིན་ཧྭ་སློབ་གྲྭ་ཆེན་མོའི་མི་གཞུང་སྤྱི་ཚོགས་སློབ་གླིང་དུ་མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་སྦྱངས་ནས་སློབ་མཐར་ཕྱིན་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་གནས་དང་ཁྲིམས་རིག་པའི་འབུམ་རམས་པའི་མིང་ཐོབ་བླངས་ཡོད།ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཡོད།1969ལོ་ནས1975ལོའི་བར་དུ། ཧྲན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་དབྱི་ཀུང་ཧྲེ་ཡི་ལེང་ཅ་ཧི་རུ་ཆེན་དུ་ན་གཞོན་ཤེས་ཡོན་ཅན་གྲོང་གསེབ་ཏུ་སྐྱོད་པའི་ལས་ཀར་ཞུགས་པ་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས།1975ལོ་ནས1979ལོའི་བར་དུ། ཆིན་ཧྭ་སློབ་གྲྭ་ཆེན་མོའི་རྫས་འགྱུར་བཟོ་ལས་སྡེ་ཁག་ནས་གཞི་རྩའི་སྐྱེ་ལྡན་འདྲེས་སྦྱོར་ཆེད་ལས་སྦྱངས།1979ལོ་ནས1982ལོའི་བར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་ནས་དྲུང་ཡིག་གི་འགན་བཞེས།1982ལོ་ནས1983ལོའི་བར་དུ། ཧི་པེ་ཞིང་ཆེན་ཀྲིན་ཏེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།1983ལོ་ནས1985ལོའི་བར་དུ། ཧི་པེ་ཞིང་ཆེན་ཀྲིན་ཏེན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་དང་། ཀྲིན་ཏེན་རྫོང་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན་དང་པོ་དང་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།1985ལོ་ནས1988ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་ཞ་མིན་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྲི་ཀྲང་གཞོན་པའི་འགན་བཞེས།1988ལོ་ནས1990ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་ཉིང་ཏི་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཉིང་ཏི་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།1990ལོ་ནས1993ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་། གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུའུ་ཀྲིག་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།1993ལོ་ནས1995ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཧྥུའུ་ཀྲིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུའུ་ཀྲིག་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།1995ལོ་ནས1996ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྥུའུ་ཀྲིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྥུའུ་ཀྲིག་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།1996ལོ་ནས1999ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། མཐོ་སྒྱོགས་གྲ་སྒྲིག་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་དང་པོའི་འགན་བཞེས།1999ལོ་ནས2000ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་ཚབ་མ། ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྥུའུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་མཐོ་སྒྱོགས་གྲ་སྒྲིག་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས།2000ལོ་ནས2002ལོའི་བར་དུ། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་། ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྥུའུ་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་མཐོ་སྒྱོགས་གྲ་སྒྲིག་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་དང་པོ་བཅས་ཀྱི་འགན་བཞེས། (1998ལོ་ནས2002ལོའི་བར་དུ་ཆིན་ཧྭ་སློབ་ཆེན་མི་གཞུང་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་ཀྱི་རིགས་གཞུང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་སྦྱོང་བྱས་ཏེ་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་ཐོབ་ཐང་བླངས།)2002ལོ་ནས2002ལོའི་བར་དུ། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲིན་ཀྲང་ཚབ་མ། ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།2002ལོ་ནས2003ལོའི་བར་དུ། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་ཚབ་མ། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ། ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲེ་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།2003ལོ་ནས2007ལོའི་བར་དུ། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཀྲེ་ཅང་ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།2007ལོ་ནས2007ལོའི་བར་དུ། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཧྲང་ཧེ་ཉེན་ཟོན་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།2007ལོ་ནས2008ལོའི་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།2008ལོ་ནས2010ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།2010ལོ་ནས2012ལོའི་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།2012ལོ་ནས་2013ལོའི་བར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ།བཅས་ཀྱི་འགན་བཞེས།

2013ལོ་ནས་བཟུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས། 
སྐབས་བཅོ་ལྔ་བའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ་དང་། སྐབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་ཁ་སྣོན་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།