སྤེལ་དུས།2017.12.11 ཡོང་ཁུངས།
48
0

བློ་མཐུན་ལིས་ཀྲན་ཧྲུའུ་ཡི་ལོ་རྒྱུས་མདོར་བསྡུས།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་
གི་ཨུ་ཡོན་ཀྲང་གི་ལོ་རྒྱུས་མདོར་བསྡུས།

ལིས་ཀྲན་ཧྲུའུ། ཕོ། རྒྱ་རིགས། 1950ལོའི་ཟླ་བརྒྱད་པར་སྐྱེས་པ་དང་། ཧི་པེ་ཕེན་ཧྲན་གྱི་མི་ཡིན། 1972ལོའི་ཟླ་བཅུ་གཉིས་པར་བྱ་བར་ཞུགས་པ་དང་། 1975ལོའི་ཟླ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧི་པེ་དགེ་འོས་སློབ་ཆེན་དགོང་སྦྱོང་སློབ་ཆེན་ཆབ་སྲིད་སློབ་གསོ་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། ལས་ཐོག་སློབ་ཆེན་སློབ་མའི་བསླབ་གནས་དང་མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་མིང་ཐོབ་བླངས་ཡོད།

ད་ལྟ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་ཡོད།

1971ལོ་ནས1972ལོའི་བར་དུ། ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ས་ཁུལ་ནོར་སྲིད་ཉོ་ཚོང་སློབ་གྲྭ་ནས་དངོས་གོང་ཆེད་ལས་སྦྱངས།

1972ལོ་ནས1976ལོའི་བར་དུ། ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ས་ཁུལ་ཚོང་ལས་ཅུའུ་ཡི་གཞུང་སྒྲུབ་ཁང་གི་ཀན་ཧྲི་དང་ཀྲུའུ་རིན་གཞོན་པའི་འགན་བཞེས།

1976ལོ་ནས1983ལོའི་བར་དུ། ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ས་ཁུལ་ཏང་ཨུའི་གཞུང་སྒྲུབ་ཁང་གི་རྒྱུ་ཆ་ཚན་ཁག་གི་ལས་མི་དང་ཚན་གཙོའི་འགན་བཞེས། དེའི་སྐབས་ཀྱི1980ལོ་ནས1983ལོའི་བར་ཧི་པེ་དགེ་འོས་སློབ་ཆེན་དགོང་སྦྱོང་སློབ་ཆེན་གྱི་ཆབ་སྲིད་སློབ་གསོ་སྡེ་ཁག་ནས་སློབ་སྦྱོང་བྱས།

1983ལོ་ནས1985ལོའི་བར་དུ། ཧི་པེ་ཞིང་ཆེན་ཝུའུ་ཅི་རྫོང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

1985ལོ་ནས1986ལོའི་བར་དུ། ཧི་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིན་ཧྲུའུ་ཀྲོན་ཡོན་གྱི་འགན་བཞེས།

1986ལོ་ནས1990ལོའི་བར་དུ། གུང་གཞོན་ཚོགས་པ་ཧི་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས། དེའི་སྐབས་ཀྱི1988ལོའི་ཟླ་གཉིས་པ་ནས1988ལོའི་ཟླ་བརྒྱད་པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་འཛུགས་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་ནས་སློབ་སྦྱོང་བྱས།

1990ལོ་ནས1993ལོའི་བར་དུ། ཧི་པེ་ཞིང་ཆེན་ཁྲིན་ཏི་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིན་ཧྲུའུ་ཀྲོན་ཡོན་གྱི་འགན་བཞེས།

1993ལོ་ནས1997ལོའི་བར་དུ། ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོའི་འགན་བཞེས།

(1992ལོ་ནས1994ལོའི་བར་དུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་ནས་དཔལ་འབྱོར་ཆེད་ལས་སྦྱངས།)

1997ལོ་ནས1998ལོའི་བར་དུ། ཧི་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པའི་འགན་བཞེས།

1998ལོ་ནས2000ལོའི་བར་དུ། ཧྲན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་སྡེ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

(1996ལོ་ནས1998ལོའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཞིབ་འཇུག་སློབ་གླིང་གི་ནོར་སྲིད་ཉོ་ཚོང་སྡེ་ཁག་ཚོང་ལས་དཔལ་འབྱོར་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ནས་སློབ་སྦྱོང་བྱས། )

2000ལོ་ནས2002ལོའི་བར་དུ། ཧྲན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

2002ལོ་ནས2002ལོའི་བར་དུ། ཧྲན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞི་ཨན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས། 2002ལོ་ནས2003ལོའི་བར་དུ། ཧྲན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞི་ཨན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

2003ལོ་ནས2004ལོའི་བར་དུ། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

2004ལོ་ནས2007ལོའི་བར་དུ། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གཞོན་པའི་འགན་བཞེས། (དེའི་སྐབས་ཀྱི2005ལོ་ནས2007ལོའི་བར་ཧ་ཨར་པེན་བཟོ་ལས་སློབ་ཆེན་གྱི་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་སྦྱངས་པ་དང་། མཐོ་རིམ་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་མིང་ཐོབ་བླངས།)

2007ལོ་ནས2008ལོའི་བར་དུ། ཧེ་ལུང་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མའི་འགན་བཞེས།

2008ལོ་ནས2010ལོའི་བར་དུ། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གི་འགན་བཞེས།

2010ལོ་ནས2012ལོའི་བར་དུ། ཀོས་ཀྲིག་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2012ལོ་ནས2012ལོའི་བར་དུ། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་རྒྱུན་ལས་བྱ་བ་འཛིན་པའི་ཀྲུའུ་རིན་གཞོན་པ༼པུའུ་ཀྲང་རིམ་པ༽དང་། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀོས་ཀྲིག་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

2012ལོ་ནས2014ལོའི་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

2014ལོ་ནས་2017ལོའི་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

2017ལོར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་ཡིན།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།