སྤེལ་དུས།2017.12.11 ཡོང་ཁུངས།
177
0

བློ་མཐུན་ཀྲའོ་ལི་ཅི་ཡི་ལོ་རྒྱུས་མདོར་བསྡུས།

༄༅།།བློ་མཐུན་ཀྲའོ་ལེ་ཅི་མཚམས་སྦྱོར་མདོར་བསྡུས་བྱེད་པ།

ཀྲའོ་ལི་ཅི། ཕོ། རྒྱ་རིགས། 1957ལོའི་ཟླ3པར་སྐྱེས། ཧྲན་ཞི་ཞི་ཨན་གྱི་མི་ཡིན། 1974ལོའི་ཟླ9པར་ལས་ཀར་ཞུགས་པ་དང་། 1975ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཡོད།

ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད།

1974ལོ་ནས1975ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་རྨ་ཤར་ཞང་གཤོང་པ་རུ་ཆེན་དུ་ན་གཞོན་ཤེས་ཡོན་པ་གྲོང་གསེབ་ཏུ་བསྐྱོད་པའི་ལས་ཀར་ཞུགས།

1975ལོ་ནས1977ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འཕྲིན་སྤེལ་པའི་འགན་བཞེས།

1977ལོ་ནས1980ལོའི་བར་དུ། པེ་ཅིན་སློབ་ཆེན་མཚན་ཉིད་རིག་པའི་སྡེ་ཁག་ནས་མཚན་ཉིད་རིག་པའི་ཆེད་ལས་སྦྱངས།

1980ལོ་ནས1982ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ཆབ་སྲིད་ཁྲུའུ་ཡི་ཀན་ཧྲི་དང་མཚོ་སྔོན་ཞིང་ཆེན་ཚོང་དོན་སློབ་གྲྭའི་དགེ་རྒན། སློབ་གྲྭའི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

1982ལོ་ནས1983ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་སློབ་གྲྭའི་སློབ་སྟོན་ཚན་ཁག་གི་ཚན་གཙོ་གཞོན་པའི་འགན་བཞེས།

1983ལོ་ནས1984ལོའི་བར་དུ་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ཆབ་སྲིད་ཁྲུའུ་ཡི་ཀྲུའུ་རིན་གཞོན་པ་དང་། ཐིན་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

1984ལོ་ནས1986ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ལྕགས་རིགས་རྫས་འགྱུར་བཟོ་ལས་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་ཅིན་ལིའི་འགན་བཞེས།

1986ལོ་ནས1991ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

1991ལོ་ནས1993ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།(སྐབས་དེའི1992ལོའི་ཟླ4པར་མཚོ་སྔོན་ཞིང་ཆེན་མཁོ་ཚོང་མཉམ་འབྲེལ་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས)

1993ལོ་ནས1994ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གི་ལས་རོགས་པ་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

1994ལོ་ནས1995ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ནོར་སྲིད་ཐིན་གྱི་ཐིན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

1995ལོ་ནས1997ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའི་འགན་བཞེས།

1997ལོ་ནས1997ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

1997ལོ་ནས1999ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། (སྐབས་དེའི1996ལོ་ནས1998ལོའི་བར་དུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཞིབ་འཇུག་སློབ་མའི་སློབ་གླིང་དུ་དངུལ་ལོར་དངུལ་ཁང་ཆེད་ལས་ཞིབ་འཇུག་སློབ་མའི་སློབ་ཚན་འཛིན་གྲྭར་སློབ་སྦྱོང་བྱས་པ་དང་། 1998ལོའི་ཟླ9པ་ནས1999ལོའི་ཟླ1པོའི་བར་དུ། ཀྲུང་དབྱང་ཏང་གི་སློབ་གྲྭར་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་གསབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)

1999ལོ་ནས2000ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མའི་འགན་བཞེས།

2000ལོ་ནས2003ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་གི་འགན་ཁུར།

2003ལོ་ནས2003ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་གི་འགན་ཁུར།

2003ལོ་ནས2004ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

2004ལོ་ནས2007ལོའི་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།(སྐབས་དེའི2002ལོ་ནས2005ལོའི་བར་དུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་རིག་པའི་ཆེད་ལས་སྦྱངས)

2007ལོ་ནས2008ལོའི་བར་དུ། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

2008ལོ་ནས2012ལོའི་བར་དུ། ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

2012ལོ་ནས2017ལོའི་བར་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས། 2017ལོ་ནས་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས།

སྐབས་བཅུ་དྲུག་པ་དང་བཅུ་བདུན་པ། བཅོ་བརྒྱད་པ། བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ཡིན།

གསར་འགྱུར་མེ་ལོང་། ༼ ཧྲིལ་བོ ༽ གསར་འགྱུར་མཉམ་སྒྲོག ༼ ཧྲིལ་བོ ༽
ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།
  • རྔ་བའི་གསར་འགྱུར་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • གུང་ཁྲན་ཏང་གི་གསར་འགྱུར།
  • བོད་ཀྱི་རིག་མཛོད།
  • ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
  • མཚོ་སྔོན་བོད་རིགས་དྲ་བ།
  • མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
  • ཀྲུང་གོ་བོད་སྐད་རླུང་འཕྲིན།
  • བོད་ལྗོངས་འཕྲིན་དྲ།
  • ཁམས་པའི་བརྙན་འཕྲིན།
  • ནོར་ནོར་བརྙན་འཕྲིན།
  • ཡོངས་འཛིན་འཚོལ་བཤེར།