ཐེངས་འདིའི་ལེ་ཚན་ཁྲོད༼ཅོ་ཀའི་དྲུག་འགྱུར༽དང༼ཐོས་པ་དགའ་སྐྱེད༽༼རིག་པའི་སྐར་ཁུང༽བཅས་ཚན་པ་གསུམ་བཀོད་སྒྲིག་བྱས་ཡོད་ལ། མགོ་ལོག་ཁུལ་དགའ་བདེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་ཚོར་སྐུད་ལམ་སྦྲེལ་ཡོད།
སློབ་གྲོགས་ཆུང་ཆུང་ཚོས་ཚན་པ་སོ་སོའི་ནང་དུ་གླུ་དབྱངས་དང་གནའ་གཏམ། བཤད་པ། གླིང་སྒྲུང་སོགས་རིག་རྩེད་གྱ་ནོམ་པ་གྲ་སྒྲིག་བྱས་ཡོད་པ་མ་ཟད། རིག་པའི་སྐར་ཁུང་གི་ཚན་པ་རྒྱུད་དེ་རང་སློབ་གྲྭའི་སྤྱིའི་གནས་ཚུལ་དང་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཐད་ངོ་སྤྲོད་ཐུང་ངུ་བྱེད་རྒྱུ་རེད།
ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། རྟ་མགྲིན་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།