ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་དུ་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། སྲིད་པའི་རྩེད་ར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། སྲིད་པའི་རྩེད་རའི་ནང་དུ་རྩོམ་སྒྲིག་ཚོ་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་སོང་ནས་རོང་བོ་སློབ་ཆུང་གི་གྲོགས་པོ་ཆུང་ཆུང་ཚོས་བོད་ཀྱི་དམངས་སྲོལ་རིག་གནས་ལས་དྲུག་པའི་ཀླུ་རྩེད་འཁྲབ་སྟོན་བྱེད་པའི་ཡུལ་དངོས་ནས་ཁོ་ཚོ་དང་མཉམ་དུ་འདིའི་སྐོར་ལ་རྒྱུས་ལོན་དང་རྩེད་མོར་རོལ་བའི་རྣམ་པ་སྒྲར་བླངས་པ་བཀོད་སྒྲིག་བྱས་ཡོད།
གྲོགས་པོ་ཆུང་ཆུང་ཚོས་ལྷ་རྔའི་སྒྲ་དང་མཉམ་དུ་ལྷ་རྩེད་རྩེད་བཞིན་པ།
དྲི་བ་དྲིས་ལན་གྱི་ཁྲོད་ནས་དམངས་སྲོལ་ཤེས་བྱ་ངོ་སྤྲོད་བྱེད་བཞིན་པ།
ལེ་ཚན་ནང་ཞུགས་ཏེ་རང་གི་འཇོན་ཐང་ངོམ་བཞིན་པ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།