ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད་ཀྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད་ལ།ཐོས་པ་དགའ་སྐྱེད་ཀྱི་ནང་དུ་འཛམ་གླིང་བྱིས་སྒྲུང་གྲགས་ཅན་ཀུ་ལྰིན་བྱིས་སྒྲུང་ལས་རྟེའུ་ཕྲུག་ཆུར་བརྒལ་བ་ཞེས་པའི་གཏམ་རྒྱུད་ཅིག་དང་འཛམ་གླིང་སྟེང་ཡིག་རིགས་ཉི་ཤུ་ལྷག་ལ་བསྒྱུར་ཡོད་པའི་ངའི་ཆུར་བ་སུས་ཁྱེར་སོང་ཞེས་པའི་བྱིས་སྒྲུང་ངོ་སྤྲོད་ཐུང་ངུ་ཞིག་བྱས་ཡོད།
ངའི་ཆུར་བ་སུས་ཁྱེར་སོང་ཞེས་པའི་བྱིས་སྒྲུང་ཁྲོད་ཀྱི་མི་སྣ་གཙོ་བོ་ཧ་ཧོ་དང་ཅ་ཅོ། འཚབ་འཚུབ། སྣམ་སྣོམ་བཞི།
ཆུར་བ་དང་ཆུར་བ་འཚོལ་མཁན་གྱི་འགྲོ་བ།
ཆུར་བ་རྙེད་པའི་སྤྲོ་སྣང་།
ལེ་ཚན་འདིའི་རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ།རྣ་བྷ།