ན་ཆུང་བྱིས་པའི་དགའ་ཚལ། ༼༣༦༤༽
2018.01.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་སྐུད་ལམ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོ་ཀིརྟའི་སྐ་ཆུ་ཁ་བའི་གསབ་སྦྱོང་འཛིན་གྲྭར་སྦྲེལ་ཡོད་ལ། ལེ་ཚན་ནང་ས་གནས་འདི་གའི་གྲོགས་པོ་ཆུང་ཆུང་ཚོ་དབྱར་དགུན་གནང་གི་གུང་གསེང་གི་སྐབས་སུ་ཡུལ་མི་ཚོ་དང་ལྷན་དུ་ཕ་ཡུལ་གྱི་བྱེ་འགོག་ལྗང་བསྒྱུར་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་ཁྲོད་ཞུགས་བཞིན་པའི་གནས་ཚུལ་ལ་ཁ་གཏད་ནས་ཅོ་ཀའི་དྲུག་འགྱུར་དང་སྲིད་པའི་རྩེད་ར། ཐོས་པ་དགའ་སྐྱེད་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

IMG_3968.JPG

གྲོགས་པོ་ཆུང་ཆུང་ཚོས་རྩྭ་འགོ་བསྡུ་བཞིན་པའི་ཚུལ།

IMG_3971.JPG

གྲོགས་པོ་ཆུང་ཆུང་ཚོས་བྱེ་མའི་ནང་རྩྭ་འདེབས་བཞིན་པའི་ཚུལ།

IMG_3972.JPG

ཁོར་སྲུང་བ་ཆུང་ཆུང་ཞིག་གི་སྣང་བརྙན།

IMG_3969.JPG

ཁོར་སྲུང་བ་རྒན་དབྲ་ཁྱུང་དཔལ་བཟང་གི་མཛུབ་སྟོན་འོག་ལྗང་མྱུག་ལ་ལུད་གཏོར་བཞིན་པའི་ཚུལ།

IMG_3970.JPG

བྱེ་མའི་ཁྲོད་ནས་འབུས་བའི་ལྗང་མདོག་གི་མྱུ་གུ།

IMG_3974.JPG

ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན་གྱི་གྲོགས་པོ་ཆུང་ཆུང་ཚོ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

སྤྱིའི་ལྟ་སྐུལ་བ། རྣ་བྷ།