ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད། ཐོས་པ་དགའ་སྐྱེད་ཀྱི་ནང་ན་ཆུང་གྱེར་འདོན་མཁན་ཀླུ་མོ་སྒྲོལ་མ་ངོ་སྤྲོད་མདོར་བསྡུས་དང་མོས་གྱེར་འདོན་བྱས་པའི་ཕ་སྐད་ཞེས་པ་དང་སྒོ་ཁྱི་དང་བྱི་ལ་ཞེས་པའི་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད།
གྱེར་འདོན་མཁན་ཆུང་ཆུང་ཀླུ་མོ་སྒྲོལ་མ། ད་ལྟའི་བར་དུ་བོད་རྒྱ་སྐད་གཉིས་ཀྱི་བརྩམས་ཆོས་༡༣༠ལྷག་གྱེར་ནས་དྲ་ལམ་ཁག་ཏུ་སྤེལ་མྱོང་ཡོད།
འབའ་འབའ་ལུ་གུ་དང་མཉམ་དུ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་དབྱངས་གསལ་གྱི་བདག་མོ་ཆུང་ཆུང་ཞིག
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པས་ཀླུ་མོ་སྒྲོལ་མར་བཅར་འདྲི་བྱེད་བཞིན་པའི་ཚུལ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།