ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་།ཅོ་ཀའི་དྲུག་འགྱུར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། རིག་པའི་སྐར་ཁུང་གི་ནང་དུ་སོ་འབུ་ཞེས་པ་ནི་ཅི་ཞིག་ཡིན་པ་དང་ཇི་ལྟར་སོ་ལ་བདག་གཅེས་བྱེད་དགོས་པའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད། ཐོས་པ་དགའ་སྐྱེད་ཀྱི་ནང་དུ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་བསྐྲུན་ལྟེ་གནས་ཀྱི་གློག་བརྙན་སྐད་སྦྱོར་བ་སྒྲོལ་དཀར་འཚོས་བཤད་པའི་བེའུ་རྒྱ་ཐོས་ཁ་འཆང་བཙལ་བ་ཞེས་པའི་གཏམ་རྒྱུད་ཞིག་དང་སྐར་མས་མ་འདང་བས་རེད་ཞེས་པའི་དགོད་གཏམ་ཞིག་བཀོད་སྒྲིག་བྱས་ཡོད།
མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་བསྐྲུན་ལྟེ་གནས་ཀྱི་གློག་བརྙན་སྐད་སྦྱོར་བ་སྒྲོལ་དཀར་འཚོ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།