ན་ཆུང་བྱིས་པའི་དགའ་ཚལ།༼༤༠༡༽
2018.05.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 178

 སློབ་མའི་ཕྱོགས་བསྡུས་ནུས་པ་སྐྱེད་སྲིང་བྱེད་པའི་སློབ་གསོའི་བསམ་བློ་དང་འཐབ་ཇུས་ལག་ལེན་བྱེད་ཆེད། རྨ་ལྷོ་སོག་རྫོང་ཉིན་མཐའ་སློབ་ཆུང་དང་པོས༼སྐད་ཡིག་དང་རྒྱའི་སྐད་ཡིག་གི་བསླབ་དེབ་གཏམ་རྒྱུད་འཁྲབ་སྟོན་བྱ་འགུལ༽ཞེས་པ་སྤེལ་ནས་སློབ་མའི་སློབ་སྦྱོང་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བར་འབད་བཞིན་ཡོད། དེ་བས་ཐེངས་འདིའི་ལེ་ཚན་གྱི༼རིག་པའི་སྐར་ཁུང༽གི་ཚན་པ་འདིའི་ནང་དུ་ཆེད་དུ་རྨ་ལྷོ་སོག་རྫོང་ཉིན་མཐའ་སློབ་ཆུང་དང་པོའི་སློབ་སྟོན་ཁང་གི་ཀྲུའུ་རིན་གཡུང་དྲུང་རྣམ་རྒྱལ་ལ་བཅར་འདྲི་བྱས་ཏེ་བྱ་འགུལ་འདིའི་མགོ་མཇུག་བར་གསུམ་གྱི་གོ་རིམ་དང་གྲུབ་འབྲས་ཐད་ལ་རྒྱུས་ལོན་བྱས་ཡོད་ལ། དེ་མིན་སློབ་གྲྭ་དེ་གའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་དམིགས་འབེན་ཐད་ནས་ཡང་ངོ་སྤྲོད་བྱས་ཡོད།

1.jpg

རྨ་ལྷོ་སོག་རྫོང་ཉིན་མཐའ་སློབ་ཆུང་དང་པོའི་ཟུར་ཞིག

2.jpg

རྨ་ལྷོ་སོག་རྫོང་ཉིན་མཐའ་སློབ་ཆུང་དང་པོའི་སློབ་སྟོན་ཁང་གི་ཀྲུའུ་རིན། རྒན་གཡུང་དྲུང་རྣམ་རྒྱལ།

8.jpg

3.jpg4.jpg

7.jpg

微信图片_20180510092627.jpg

༼སྐད་ཡིག་དང་རྒྱའི་སྐད་ཡིག་གི་བསླབ་དེབ་གཏམ་རྒྱུད་འཁྲབ་སྟོན་བྱ་འགུལ༽ཁྲོད་ཀྱི་འཁྲབ་སྟོན་པ་ཆུང་ཆུང་ཚོ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། རྟ་མགྲིན་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།
སྤྱིའི་ལྟ་སྐུལ་བ། རྣ་བྷ།