ན་ཆུང་བྱིས་པའི་དགའ་ཚལ། ༼༤༠༣༽
2018.05.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 35

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་དུ་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད།རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ།ཐེངས་འདིའི་ཐད་གཏོང་ལེ་ཚན་ནང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བཙན་མོ་ཞང་ཁ་སོག་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་ལྷ་མོ་གཡང་སྒྲོན་གཙོ་བྱས་སློབ་གྲོགས་ཆུང་ཆུང་འགའ་ལེ་ཚན་ཁྲོད་ཞུགས་ནས་རང་རང་གི་གཏམ་བཤད་དང་གླུ་ངག་གི་འཇོན་ཐང་ངོམ་ཡོད་ལ། མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ན་གཞོན་སྐད་སྒྱུར་བ་རིན་ཆེན་འཚོས་བཤད་པའི་བདེན་གཏམ་གྱི་ནུས་པ་ཞེས་པ་བཀོད་སྒྲིག་བྱས་ཡོད།

微信图片_20180424114255.jpg

གཏམ་སྨྲ་ལྕེ་མེ་ལྟར་འབར་བའི་སློབ་གྲོགས་ཆུང་ཆུང་ལྷ་མོ་གཡང་སྒྲོན།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།