ན་ཆུང་བྱིས་པའི་དགའ་ཚལ།༼༤༠༩༽
2018.05.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 91

 ལོ་རེ་རེའི་བྱིས་པའི་དུས་ཆེན་ནི་ན་ཆུང་བྱིས་པ་ཚོ་ཁོ་ནར་དབང་བའི་དགའ་སྐྱིད་ཀྱི་ཉིན་མོ་ཡིན་ལ། མི་འགྱང་བར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རོལ་བར་བྲེལ་བཞིན་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་གེ་སར་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་ཀྱང་དུས་ཆེན་བསུ་བའི་སྟ་གོན་རབ་དང་རིམ་པ་བྱེད་བཞིན་ཡོད། ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ལེ་ཚན་ནང༼བྱིས་པའི་དུས་ཆེན་བསུ༽ཞེས་པའི་བརྗོད་གཞི་ཞིག་བཀོད་སྒྲིག་བྱས་ནས་གེ་སར་བྱིས་གཉོར་ཁང་གི་དགེ་སློབ་རྣམས་ཀྱིས་རིགས་མཐུན་གྱི་གྲོགས་པོ་ཆུང་ཆུང་ཚོ་གཙོ་བྱས་པའི་ས་སྒང་གོ་ལ་ཟླུམ་པོའི་ཕྱོགས་བཞི་མཚམས་བརྒྱད་ན་ཡོད་པའི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་ཡོད་ར་མ་ཟད། ཉིན་མཐའ་སློབ་ཆུང་དང་པོའི་སློབ་གྲོགས་ཆུང་ཆུང་ཚེ་རིང་སྐྱིད་ཀྱིས་ཀྱང་དམངས་གླུ་སྙན་མོ་ཞིག་གིས་ན་མཉམ་གྲོགས་པོ་ཆུང་ཆུང་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།

360截图16240212254243.png

གེ་སར་བྱིས་གཉོར་ཁང་གི་དགེ་རྒན་ཨ་འཁོར་འཇིགས་མེད་དང་སློབ་མ་ཆུང་ཆུང་ཞིག

360截图16251118197222.png

གེ་སར་བྱིས་གཉོར་ཁང་གི་སློབ་མ་ཆུང་ཆུང་ཚོས་འཁྲབ་སྟོན་བྱེད་བཞིན་པ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། རྟ་མགྲིན་འཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།