ན་ཆུང་བྱིས་པའི་དགའ་ཚལ།༼༤༡༢༽
2018.06.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 91

སྐབས་འདིའི«རིག་པའི་སྐར་ཁུང»ནང་གྲོགས་པོ་ཆུང་ཆུང་ཚོར་ཁེད་ཅིག་བཤད་རྒྱུ་ཡིན་ལ། དེ་མིན་ཉི་ཧོང་གི་བྱིས་སྒྲུང་གྲགས་ཅན༼སྒེའུ་ཁུང་འགྲམ་གྱི་ཐོ་ཐོ་མ༽ཞེས་པའི་ལེའུ་དགུ་བ༼སློབ་ཁྲིད༽ཅེས་པ་བཀོད་སྒྲིག་བྱས་ཡོད། དེ་རིང་ནི་བོད་ཟླ༥བའི་ཚེས༥ཡིན་པས་གྲོགས་པོ་ཆུང་ཆུང་ཚོར་བོད་ཀྱི་སྲོལ་རྒྱུན་དུས་ཆེན༼བ་མ་བ་བཞི༽ངོ་སྤྲོད་བྱ་རྒྱུ་ཡིན།
«ཐོས་པ་དགའ་སྐྱེད»ཚན་པ་འདིའི་ནང་དུ་གྲོགས་པོ་ཆུང་ཆུང་མཁར་མོ་ཐར་གྱིས་བཤད་པའི་གནའ་གཏམ་ཞིག་དང་། དཀའ་ཐུབ་སྐྱིད་དང་ཆོས་མཚོ་ཡག་གཉིས་ཀྱིས་བཤད་པའི་ཇ་བཤད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
«ཅོ་ཀའི་དྲུག་འགྱུར»གྱི་ཚན་པའི་ནང་༼ཡག་རེ་ལྟོས༽ཞེས་པ་དང༼མཉམ་དུ་ཉི་གཞོན་གསར་བ་བསུ༽ཞེས་པའི་བྱིས་གླུ་སྙན་མོ་འགའ་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། རྟ་མགྲིན་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།