ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་གྱི་སྐུད་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་བཅའ་སྡོད་སློབ་ཆུང་དུ་སྦྲེལ་ཡོད་ལ། ལེ་ཚན་ནང་རིག་པའི་སྐར་ཁུང་དང་ཅོ་ཀའི་དྲུག་འགྱུར། ཐོས་པ་དགའ་སྐྱེད། སྲིད་པའི་རྩེད་ར་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡རིག་པའི་སྐར་ཁུང་གི་ནང་དུ་སློབ་གྲྭ་འདི་གའི་སློབ་གཙོ་གཞོན་པ་འཕགས་མོ་ཚེ་རིང་ལགས་ནས་ད་ལོ་སློབ་རའི་སྒོ་ཐེམ་ལ་གོམ་པ་དང་པོ་སྤོས་བའི་གྲོགས་པོ་ཆུང་ཆུང་ཚོར་གཏམ་བཤད་ཐུང་ངུ་ཞིག་གནང་ཡོད།
༢ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲྭ་འདིའི་སློབ་གྲོགས་ཆུང་ཆུང་ཚོས་རང་རང་གི་སྐད་ངག་གི་འཇོན་ཐང་ངོམ་ཡོད།
༣ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོས་དབྱར་གནང་གི་འཚོ་བའི་མྱོར་ཚོར་དང་འབྲེལ་ནས་སློབ་སྐབས་གསར་བའི་སློབ་སྦྱོང་གི་ཆོད་སེམས་ཐད་ཀྱི་གཏམ་བཤད་ནས་གཏམ་སྨ་ལྩེའི་ཐད་ཀྱི་འཇོན་ཐང་ངོམ་ཡོད།
༤སྲིད་པའི་རྩེད་རའི་ནང་དུ་སློབ་གྲོགས་ཆུང་ཆུང་གཉིས་ཀྱིས་རྩེད་མོ་རྩེད་སྲོལ་རིགས་འགའ་ངོ་སྤྲོད་བྱེད་པ།
ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་གཞོན་པ་འཕགས་མོ་ཚེ་རིང་ལགས།
སློབ་རའི་གསར་འགོད་པ་ཆུང་ཆུང་ཚོ།
སློབ་འགོ་རྩོམ་པའི་ཚོགས་འདུའི་ཟུར་ཞིག
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ།ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།