ན་ཆུང་བྱིས་པའི་དགའ་ཚལ། ༤༢༤
2018.11.21 ཁུངས། ཀློག་གྲངས། 346

  ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་སྐུད་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་བཅའ་སྡོད་སློབ་ཆུང་དུ་སྦྲེལ་ཡོད་ལ་ལེ་ཚན་ནང་དུ་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱུར་གྱི་ཚན་པ་ཆུང་ངུ་གཉིས་ཀྱང་བཀོད་སྒྲིག་བྱས་ཡོད།

 ༡ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཞིན་ཧེ་རྫོང་མི་རིགས་ཆ་ཚང་བཅའ་སྡོད་སློབ་ཆུང་གིས་ཉེ་ལམ་སྤེལ་བའི་སྙན་ངག་གྱེར་འདོན་འགྲན་བསྡུར་ལས་བྱ་དགའ་ཐོབ་པའི་སློབ་གྲོགས་འགའ་ཐད་གཏོང་སྐུད་ལམ་དུ་ཞུགས་ནས་སྙན་ངག་གྱེར་འདོན་བྱེད་པ་དང་། མཇུག་ཏུ་རྒན་རྟ་མགྲིན་རྒྱལ་ནས་སློབ་གྲོགས་ཆུང་ཆུང་ཚོའི་གྱེར་འདོན་ལ་དཔྱད་འཇོག་དང་གྱེར་འདོན་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཤད་ཡོད།

 ༢ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་སློབ་གྲོགས་ཆུང་ཆུང་ཚོས་གླུ་དང་གླུ་དབྱངས་སོགས་བླངས་ནས་སྐད་ངག་གི་འཇོན་ཐང་ངོམ་ཡོད།

སྙན་རྩོམ་གྱེར་འདོན་འགྲན་བསྡུར་གྱི་ཡུལ་དངོས།

སྙན་རྩོམ་གྱེར་མཁན་གྱི་སློབ་གྲོགས་ཆུང་ཆུང་།

 ཐད་གཏོང་སྐུད་སྣེ་ཡི་སློབ་གྲོགས་ཆུང་ཆུང་ཚོ།

རྩོམ་སྒྲིག་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ།ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།