ན་ཆུང་བྱིས་པའི་དགའ་ཚལ།༤༢༥
2018.11.27 ཁུངས། ཀློག་གྲངས། 430

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་རེ་བའི་བུ་ཁྱིམ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་མཉམ་ལེན་བྱས་པའི་ཕ་མ་ཞེས་པའི་རྡུང་ལེན་དང་གྲོགས་པོ་ཆུང་ཆུང་ཕག་མོ་བདེ་སྐྱིད་གཙོ་བྱས་ནས་བླངས་པའི་བཟའ་མི་གསུམ་ཞེས་པའི་གླུ་དབྱངས་སྙན་མོ་གཉིས་བཀོད་སྒྲིག་བྱས་ཡོད། 

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཁྭ་ཏ་ཞེས་པའི་གཏམ་རྒྱུད་ཅིག་དང་སློབ་གྲོགས་ལྷ་མོ་གཡང་སྒྲོན་གྱིས་བཤད་པའི་ཚོགས་འདུ་ཞེས་པའི་ཁ་ཤགས་ཤིག་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་ཆམ་ནད་སྔོན་འགོག་བྱེད་པའི་ཐབས་ལམ་འགའ་དང་ཟས་རིགས་འཕྲོད་བསྟེན་ཕྱོགས་ཀྱི་མཉམ་འཇོག་བྱེད་དགོས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།