ཐེངས་འདིའི་ལེ་ཚན་དུ་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། ཅོ་ཀའི་དྲུག་འགྱུར་གྱི་ནང་རེ་བའི་བུ་ཁྱིམ་ཁང་གི་སློབ་གྲོགས་ཆུང་ཆུང་ཚོས་བླངས་པའི་ཕ་མ་ཞེས་པའི་གླུ་དབྱངས་མཉམ་ལེན་ཞིག་དང་། ཐོས་པ་དགའ་སྐྱེད་ཀྱི་ནང་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་སློབ་གྲོགས་ཆུང་ཆུང་ཚོ“ཐོས་པ་དགའ་སྐྱེད་རྟགས་མའི་གནའ་གཏམ་འགྲན་བསྡུར།”ཁྲོད་ཞུགས་པའི་གནས་ཚུལ་སྒྲ་བླངས་པ་བཀོད་སྒྲིག་བྱས་ཡོད། རིག་པའི་སྐར་ཁུང་གི་ནང་དུ་བདེ་སྐྱིད་སྒྲོལ་མས་བྲིས་པའི་《རྩམ་པ།》ཞེས་པའི་ལྷུག་རྩོམ་ཞིག་དཔེ་ཀློག་གི་ཚུལ་དུ་གྲོགས་པོ་ཆུང་ཆུང་ཚོར་ཀློག་འདོན་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།
ལྟ་སྐུལ་བ། ལྟ་བརྟན།