ན་ཆུང་བྱིས་པའི་དགའ་ཚལ།ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས་པ།
2019.04.29 ཁུངས། ཀློག་གྲངས། 273

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་སྐུད་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་སྦྲེལ་ཡོད་ལ། ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་རིག་པའི་སྐར་ཁུང་གི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཏེ་ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སློབ་གྲྭ་འདི་གའི་སྤེལ་བའི་ཐེངས་འདིའི་སློབ་ཆུང་སློབ་མའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོ་སྐུད་ལམ་དུ་བསུས་ནས་རང་རང་གི་དཔེ་ཀློག་མྱོང་ཚོར་གླེང་བ། རིག་པའི་སྐར་ཁུང་གི་ནང་དུ་སློབ་ཆུང་རིམ་པའི་དགེ་རྒན་གསང་བདག་ལགས་ནས་གྲོགས་པོ་ཆུང་ཆུང་ཚོར་དཔེ་ཀློག་གི་ཐབས་ལམ་ཐད་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་པ།

                                                                 བགྲོ་གླེང་སྟེགས་བུ།

                                                    འགྲན་ཞུགས་སློབ་གྲོགས་ཆུང་ཆུང་ཚོ།

                                               འགྲན་ཞུགས་སློབ་གྲོགས་ཆུང་ཆུང་ཚོ།

                                   ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན་གྱི་སློབ་གྲོགས་ཆུང་ཆུང་ཚོ།

                                           བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་ཆུང་ཆུང་ཡོངས།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།