ན་ཆུང་བྱིས་པའི་དགའ་ཚལ། ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་སློབ་རའི་དམངས་གླུ་འགྲན་བསྡུར་སྐབས་ལྔ་བ།
2019.05.09 ཁུངས། ཀློག་གྲངས། 323

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཐོས་པ་དགའ་སྐྱེད་དང་ཅོ་ཀའི་དྲུག་འགྱར་གྱི་ཚན་པ་ཆུང་ངུ་གཉིས་བཀོད་སྒྲིག་བྱས་ཡོད་ལ། ཐོས་པ་དགའ་སྐྱེད་ཀྱི་ཁ་པར་སྐུད་ལམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་སྦྲེལ་ནས་སློབ་གྲོགས་གངས་དཀར་ལྷ་མོའི་རང་གི་དཔེ་ཀློག་མྱོང་ཚོར་གླེང་བ། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོ་རུ་སྦྲེལ་ནས་ཉེ་ཆར་སློབ་གྲྭ་འདིས་སྤེལ་པའི་སློབ་རའི་དམངས་གླུ་འགྲན་བསྡུར་སྐབས་ལྔ་བའི་གནས་ཚུལ་ལ་རྒྱུས་ལོན་དང་སློབ་གྲོགས་ཚོའི་དམངས་གླུའི་འགྱུར་ཁུགས་སྙན་མོ་ལ་རོལ་མྱོང་བྱས་ཡོད།

སློབ་གྲོགས་ཆུང་ཆུང་གངས་དཀར་ལྷ་མོ།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།