ན་ཆུང་བྱིས་པའི་དགའ་ཚལ།གངས་ཅན་བྱིས་གླུ་གངས་ཅན་ཁ་བའི་ཡུལ་ལ་བལྟམས།
2019.05.21 ཁུངས། ཀློག་གྲངས། 201

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་ལ། ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་མི་རིང་བར་གངས་ཅན་ཁ་བའི་ལྗོངས་ཀྱི་ན་ཆུང་གྲོགས་པོ་ཚོའི་སྤྱན་སྔ་རུ་འགྲེམ་པར་ཉེ་བའི་གངས་ཅན་བྱིས་གླུའི་སྐོར་ལ་རྒྱུས་ལོན་རགས་ཙམ་བྱས་ཡོད། རིག་པའི་སྐར་ཁུང་གི་ནང་དུ་རོལ་དབྱངས་ཀྱི་ཆེད་དུ་སྐུ་འཁྲུངས་པའི་མོ་ཊ་ཐི་ནི་ཇི་ལྟར་འཚར་ལོངས་བྱུང་བའི་གཏམ་རྒྱུད་ཐུང་ངུ་ཞིག་ངོ་སྤྲོད་བྱས་ཡོད།


བྱིས་གླུ་སྒྲིག་བཟོ་ལ་བྲེལ་བའི་ཕུ་བོ་གླིང་རྒྱལ་འཆི་མེད་ཚེ་རིང་ལགས།

གངས་ཅན་བྱིས་གླུའི་འགུལ་རིས་ཁྲོད་ཀྱི་པར་འགའ་ཞིག

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཚེ་མགོན།

ལྟ་སྐུལ་བ། ལྷ་བརྟན།